藏学院
 学校首页  本站首页  学科建设  教学科研  师资队伍  党建工作  组织机构  藏学研究  藏族文化  规章制度 
党建工作
党建工作
您的位置: 本站首页>党建工作>正文
ཏང་ཡོན་ཡོངས་ལ་ཕྱོགས་ཡོངས་ནས༼སློབ་གཉིས་སྒྲུབ་གཅིག༽གི་སློབ་སྦྱོང་སློབ་གསོ་དར་སྤེལ་གཏོང་བ།
2016-07-22 17:01  

 

[ཟླ༢བའི་ཚེ༢༨ཉིན་པེ་ཅིན་ཞིན་ཧྭ་ཧྲིའིགློག་བརྡ།] ཉེ་ཆརཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས༼ཏང་ཡོན་ཡོངས་ལ་ཕྱོགས་ཡོངས་ནས༼ཏང་གི་སྒྲིག་ཡིག་དང་ཏང་ལུགས་སློབ་པ།སྤྱི་ཁྱབ་ཧྲུའུ་ཅི་རིམ་པའི་གསུང་བཤད་སློབ་པ།ཏང་ཡོན་ཚད་ལྡན་ཞིག་བྱེད་པ།༽ཞེས་པའི་སློབ་སྦྱོང་སློབ་གསོ་དང་འབྲེལ་བའི་འཆར་ཇུས༽འགྲེམ་སྤེད་བྱེད་པ་མ་ཟད་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་ལག་བསྟར་བྱེད་པའི་བརྡ་ཁྱབ་བཏང་།

བརྡ་ཁྱབ་ལས༼སློབ་གཉིས་སྒྲུབ་གཅིག༽གི་སློབ་སྦྱོང་སློབ་གསོ་དར་སྤེལ་གཏོང་་བ་ནི་ཏང་ཡོན་ཡོངས་ལ་ཕྱོགས་ནས་ཏང་ནང་ཁུལ་སློབ་གསོ་ཟབ་ཏུ་གཏོང་བའི་གལ་ཆེའི་ལག་ལེན་ཞིག་ཡིན་པ།ཏང་ནང་སློབ་གསོ༼གྲངས་ཉུང་གནད་འགག༽ནས་རྒྱ་ཆེ་ཏང་ཡོན་ལ་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་བ།གཅིག་བསྡུས་རང་བཞིན་གྱི་སློབ་གསོ་ནས་རྒྱུན་གཏན་རང་བཞིན་གྱི་སློབ་གསོ་ཕྱི་ལ་བསྐྱེད་སྲིང་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་ཡིན་པ་གསར་འདོན་བྱས།ས་ཁུལ་སོ་སོ་སྡེ་ཁག་སོ་སོ་ལས་ཁུངས་སོ་སོའི་ཏང་་ཡིས༼སློབ་གཉིས་སྒྲུབ་གཅིག༽གི་སློབ་སྦྱོང་སློབ་གསོ་རྒྱ་ཆེར་སྤེལ་ན་ཕྱོགས་ཡོངས་ནས་གཟབ་ནན་གྱོས་ཏང་སྐྱོང་བ་དང་གཞི་རིམ་ལ་རྒྱ་བསྐྱེད་པར་སྐུལ་འདེད་བྱེད་པ།ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིནའཕེལ་རྒྱས་གཏོང་བའི་གལ་ཆེའི་སྙིང་བོ་མཐར་འཁྱོངས་བྱེད་པ།ཆད་སྲིད་ཀྱི་འོས་འགན་གཙོ་བོ་ཞིག་ཡིན་པས་ཆ་ནས།འགན་འཁུརབགནད་ལ་འཁེལ་བ།ཕན་འབྲས་ལྡན་པ་ཞིག་བྱེད་དགོས།

བསམ་བློའི་འཛུགས་སྐྲུན་གཙོར་བཟུང་ནས།ཏང་ཡོན་གྱིས་ཏང་ཁྲིམས་བརྩི་བ།ཏང་སྲོལ་སྲུང་བ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རིམ་པའི་གལ་ཆེའི་གསུང་བཤད་སྙིང་སྟོབས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རིམ་པའི་གལ་ཆེའི་གསུང་བཤད་ནང་ནང་སེམས་ཀྱི་འཇིག་རྟེན་ཕུན་སུམ་ཚོགས་པར་གཏོང་བ་དང་།ལག་ལེན་ལ་འཛུམ་སྟོན་བྱེད་པ།བྱ་བཞག་ལ་སྐུལ་འདེད་གཏོང་བ་སོགས་བྱས་ནས་ཏང་ཡོན་དཔུང་ཁག་གི་བསམ་བློ།རྩ་འཛུགསསྒྲུབ་ལུགས།སྒྲིག་ལམ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པ།

ཏང་ཡོན་གྱི་ཆབ་སྲིད་འདུ་ཤེསསྤྱི་ཡོངས་འདུ་ཤེསརྐང་འཛིན་འདུ་ཤེས།དཔེ་སྟོན་གྱི་འདུ་ཤེས་སོགས་ལ་ཤུགས་སྣོན་བྱས་ནས་ཕུགས་བསམ་བརྟན་པོ་ཞིག་དང་ཏང་ལ་བློ་དཀར་བ་སྤྱོད་པ་ཚད་ལྡན་བྱེད་པ།ལས་འགན་ཁུར་ཕོད་པ། གདོང་ལེན་དཔེ་བཟང་གི་ནུས་བ་གང་ལེགས་འདོན་པ།

བརྡ་ཁྱབ་ལས༼སློབ་གཉིས་སྒྲིབ་གཅིག༽གི་སློབ་སྦྱོང་སློབ་གསོ་ནི་བྱེད་སྒོ་ཞིག་མ་ཡིན་པ་ཤུགས་བསྣོན་བྱས་ནས།རྒྱུན་གཏན་སློབ་གསོ་འབུར་ཏུ་འདོན་པརིམ་པ་དབྱེ་བདམིགས་ས་ཡོད་པའི་ངང་ནས་གནད་དོན་ཐག་གཅོད་བྱེད་པ།༼ཚོགས་གསུམ་ཐུན་གཅིག༽སོགས་ཏང་གི་རྩ་འཛུགས་འཚོ་བའི་ལམ་ལུགས་ལ་གཞི་བཅོལ་ནས།ཏང་ཀྲི་པུའུ་ཡི་རང་ཉིད་གཙང་འགྱུར།རང་ཉིད་མཐོར་འདེགས་གཏོངབའི་རང་འགུལ་ཅན་གྱི་ནུས་བ་འདོན་སྤེལ་བྱེད་པ།དངོས་ནས་ཏང་གི་བསམ་བློའི་ཆབ་སྲིད་འཛུགས་སྐྲུན་དུས་རྒྱུན་རྒྱུན་འཁྱོངས་ནན་མོ་བྱེད་པ།ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ།ལས་ཁུངས་སོ་སོའི་གནས་ཚུལ་དངོས་དང་འབྲེལ་ནས་སློབ་སྦྱོང་བྱེད་ཐབས་གཏན་འཁེལ་བྱེད་པ།གཞི་རིམ་བར་སྟོང་བསྐྲུན་པ།ཏང་གི་བྱ་བའི་ལྟེ་བ་དང་ཏང་ཡོངས་གི་ལས་གནས་ཡོངས་ལ་ཕྱོགས་ནས་སློབ་སྦྱོང་སློབ་གསོ་དར་སྤེལ་གཏོང་བ།ལུགས་གཉིས་འཛིན་པ་རྒྱུན་འཁྱོངས།ངོ་གཉིས་སྔོན་འགོགགོམ་གང་མདུན་སྤོས་ཀྱིས་ཏང་གི་རྩ་འཛུགས་མ་ལག་ཚགས་དམ་པར་བྱེད་པ།ཏང་གི་རྩ་འཛུགས་འཚོ་བར་གཟབ་ནན་བྱེད་པ་དང་།ཏང་གི་སློབ་གསོའི་བདག་དམ་ལ་གཟབ་ནན་བྱེད་པ།ཏང་འཛུགས་བྱ་བའི་འོས་འགན་ལམ་ལུགས་དམ་སྲུང་བྱེད་དགོས།གཞི་རིམ་ཏང་གི་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་གྱིས་བྱ་གཞག་གསར་གཏོད་བྱེད་པར་སྐུལ་མ་གཏོང་བ།གསར་གཏོད་མདུན་བསྐྱོད།༼ཕྱོགས་བཞི༽ཐབས་ཇུས་་སྒྲིག་གཞི་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ།འཕེལ་རྒྱས་ལྔ་ཡི་ལྟ་བ་ལག་ལེན་མཐར་ཕྱིན་བྱས་ནས་རྩ་འཛུགས་ཁག་ཐེག་འདོན་སྤྲོད་བྱེད་པ།

བརྡ་ཁྱབ་ལས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ།ལས་ཁུངས་སོ་སོ་ཏང་ཨུའི(ཏང་འཛུགས)འཆར་ཇུས་ཀྱི་བླང་བྱ་དང་བསྟུན་ནས།དངོས་ཡོད་དང་འབྲེལ་བའི་བྱེ་བྲག་འཆར་ཇུས་ལག་ཐབས་གཏན་འཁེལ་བྱེད་པ།༼སློབ་གཉིས་སྒྲུབ་གཅིག༽གི་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་དུས་ལྟར་ཏང་ཀྲུང་དབྱང་ལ་སྙན་ཞུ་བྱེད་པའི་བླང་བྱ་བཏོན།

༼ཏང་ཡོན་ཡོངས་ལ་ཕྱོགས་ནས༼སློབ་གཉིས་སྒྲུབ་གཅིག༽དང་འབྲེལ་བའི་སློབ་སྦྱོང་སློབ་གསོའི་འཆར་ཇུས༽ཀྱི་ནང་དོན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རིམ་པའི་གལ་ཆེ་གསུང་བཤད་སྙིང་སྟོབས་ལ་སློབ་སྦྱོང་ནན་མོ་བྱེད་པར་ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བ་ནས་གཞི་རིམ་ལ་རྒྱ་བསྐྱེད་པར་སྐུལ་འདེད་དང་།ཏང་གི་མང་ཚོགས་ལམ་ཕྱོགས་རྒྱ་བསྐྱེད་ནས་སློབ་གསོའི་ལག་ལེན་བྱེད་སྒོ༼དོ་ནན་གསུམ་དང་ཏན་ཏིག་གསུམ༽གྱི་ཆེད་དོན་སློབ་གསོ་གྲུབ་འབྲས་སྲ་བརྟན་ཏུ་གཏོང་བ།གོམ་གང་འདུན་སྤོས་ཀྱིས་ཏང་ཡོན་དཔུང་ཁག་ཁྲོད་གནས་པའི་བསམ་བློ།རྩ་འཛུན།སྒྲུབ་ལུགས་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་ཐུབ།ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་མཐར་འཁྱོངས་གོང་སྤེལ་གཏོང་བ།༢༠༡༦ལོའིཏང་ཀྲུང་དབྱང་གིས་ཏང་ཡོན་ཡོངས་ལ་ཕྱོགས་ཡོངས་ནས༼སློབ་་གཉིས་སྒྲུབ་གཅིག༽གི་སློབ་སྦྱོང་སློབ་གསོ་རྒྱ་བསྐྱེད་རྒྱུ་ཐག་བཅད།གཤམ་གྱི་འཆར་ཇུས་འགར་བཏོན་པ་རེད།

གཅིགསྤྱི་ཁོག་གི་བླང་བྱ།

༼སློབ་གཉིས་སྒྲུབ་གཅིག༽གི་སློབ་སྦྱོང་སློབ་གསོ་དར་སྤེལ་གཏོང་བ་ནི།ཏང་སྒྲིག་ཡིག་གི་ཐོག་ཏུ་བབས་པའི་ཏང་ཡོན་སློབ་གསོ་དོ་དམ་ལ་ཤུགས་སྣོན་བྱེད་པའི་བླང་བྱ།ཏང་ཡོན་ཡོངས་ལ་ཕྱོགས་ནས་ཏང་ནང་ཁུལ་གྱི་སློབ་གསོ་ཟབ་སྤེལ་བྱེད་པའི་གལ་ཆེའི་ལག་ལེན།ཏང་ནང་ཁུལ་གྱི་སློབ་གསོ༼གྲངས་ཉུང་གནད་འགག༽ནས་རྒྱ་ཆེ་ཏང་ཡོན་ལ་བསྲིངས་བར་སྐུལ་འདེད་བྱེད་པ།གཅིག་བསྡུས་རང་བཞིན་གྱི་སློབ་གསོ་ནས་རྒྱུན་གཏན་རང་བཞིན་གྱི་སློབ་གསོ་ལ་རྒྱ་བསྐྱེད་པའི་གལ་ཆེའི་བྱེད་ཐབས།ཏང་གི་བསམ་བློའི་ཆབ་སྲིད་འཛུགས་སྐྲུན་གྱི་གལ་ཆེའི་བཀོད་སྒྲིག་བཅས་ཡིན།༼སློབ་གཉིས་སྒྲིབ་གཅིག༽གི་སློབ་སྦྱོང་སློབ་གསོ་ནི་བྱེད་སྒོ་ཞིག་མ་ཡིན་པར།རྒྱུན་ལྡན་སློབ་གསོ།རིམ་པ་དབྱེ་བ།དམིགས་ས་ཡོད་པའི་ངང་ནས་གནད་དོན་ཐག་གཅོད་བྱེད་པ་འབུར་ཏུ་ཐོན་པ་ཞིག་ཡིན།དངོས་ནས་ཏང་གི་བསམ་བློའི་ཆབ་སྲིད་འཛུགས་སྐྲུན་དུས་རྒྱུན་རྒྱུན་འཁྱོངས་ནན་མོ་བྱེད་པ།

༼སློབ་གཉིས་སྒྲུབ་གཅིག༽་གི་སློབ་གསོ་སྤེལ་བའི་རྨང་གཞི་ནི་སློབ་དང་གནད་འགག་ནི་སྒྲུབ་ཡིན།ཏང་གི་བསམ་བློའི་འཛུགས་སྐྲུན་གཙོ་བོར་བཟུང་ནས།ཏང་གི་སྒྲིག་ཡིག་ལ་གོང་བཀུར་དང་ཏང་གི་ལམ་ལུགས་ལ་བརྩི་སྲུང་བྱ་རྒྱུའི་གཞི་རྩའི་བླང་བྱ།སྤྱི་ཁྱབ་ཧྲུའུ་ཅི་ཞེས་ཅིན་ཕེང་སྐོར་གྱི་གཏམ་བཤད་སྙིང་སྟོབས་ཀྱིས་ཏང་ཡོངས་དྲག་ཆས་སྤྲད་རྒྱུའི་རྩ་བའི་འགན་ཁུར་སོགས་ཀྱིས་ཏང་མིར་རང་འགུལ་ངང་བྱ་སྤྱོད་ཚད་ལྡན་ཡོང་བར་སློབ་གསོའི་སྣེ་ཁྲིད་དང་།སྔར་ལས་ཏང་ལ་ཡིད་ཆེས་ཇེ་བརྟན།ཏང་གི་འདུ་ཤེས་ཇེ་མཐོར་གཏོང་བ།སྔར་ལས་ཆབ་སྲིད་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས།ལྟེ་བའི་འདུ་ཤེས།མིག་དཔེའི་འདུ་ཤེས་ཇེ་ཆེ།ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྲ་བརྟན་དུ་བཏང་བ།སྤྱོད་གཙང་དྲང་བདེན་བཙུགས་སྟེ།ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་།ཏང་གི་དགོངས་དོན་ལྟ་ཚུལ་ཤུགས་ཆེ་རུ་བཏང་ནས།འགན་གཙང་ལེན་ལ་མཁས་ཞིང་།ཐོན་སྐྱེད་དང་ལས་དོན།སློབ་སྦྱོང་དང་སྤྱི་ཚོགས་འཚོ་བའི་ཁྲོད་མིག་དཔེའི་ནུས་པ་ཐོན་པ།ཏང་གིབསམ་བློ་དང་ཆབ་སྲིད།བྱེད་སྒོ་སོགས་ཀྱི་མཐུན་སྒྲིལ་ལ་རྨང་གཞི་ངེས་ཅན་བཏང་བ།ཏང་གི༼ཕྱོགས་ཡོངས་བཞི༽ཡི་སྲིད་ཇུས་སྤེལ་བར་རམ་འདེགས་དང་།འཕེལ་རྒྱས་ཀྱི་འདུ་ཤེས་གཏན་ལ་ཕབ་པར་རྩ་འཛུགས་ཀྱི་ཁག་ཐེག་འདོན་སྤྲོད་བྱེད་དགོས།

༼སློབ་གཅིག་སྒྲུབ་གཉིས༽ཀྱི་སློབ་གསོ་སྤེལ་ནས།དམིགས་འབེན་མཐོར་འདེགས་གཏོང་དགོས།༼སློབ༽་ནི་གནད་དོན་ཁྱེར་ནས་སློབ་པ་དང་༼སྒྲུབ་༽ནི་གནད་དོན་ལ་དམིགས་ནས་ཐག་གཅོད་པ་དེ་རེད།ཏང་ཡོན་གྱི་ཕུགས་བསམ་བརྟན་པོ་མིན་པའི་གནད་དོན་ཐག་གཅོད་དགོས་ལ་གཙོ་བོ་ནི་གུང་ཁྲན་རིང་ལུགས་ལ་དད་མོས་མེད་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ཡིད་ཆེས་མེད་པ།ནུབ་ཕྱོགས་ཀྱི་རིན་ཐང་ལྟ་བ་ལ་གུང་བཀུར་བྱེད་པ།མོང་དད་ཀྱི་བྱ་འགུལ་ལ་ཞུགས་པར་མོས་པ་ཡོད་པ་སོགས་རེད།ཏང་ཡོན་གྱི་ཏང་གི་འདུ་ཤེས་ཇེ་ཞན་དུ་འགྲོ་བའི་གནད་དོན་ཐག་གཅོད་དགོས་ལ་གཙོ་བོ་ནི་ཡར་ཐོན་གྱི་འདུ་ཤེས་མ་དྲག་པ་དང་སྒྲིག་ལམ་མི་བརྩི་ཞིང་སྒྲིག་སྲོལ་མི་སྲུང་བ།ཏང་གི་རྩ་འཛུགས་འཚོ་བར་མི་ཞུགས་ཤིང་ཏང་དངུལ་དུས་ལྟར་མི་སྤྲོད་པ།ཏང་གི་རྩ་དོན་ལྟར་བྱ་བ་མི་སྒྲུབ་པ་སོགས་རེད།ཏང་ཡོན་འགའ་ཡི་རྩ་དོན་འདུ་ཤེས་ཞན་པའི་གནད་དོན་ཐག་གཅོད་དགོས་ལ་གཙོ་བོ་ནི་སྒེར་སེམས་རིང་ལུགས་དྲག་པ་དང་དམངས་ཀྱི་དཀའ་སྡུག་སྣང་མེད་དུ་འཇོག་པ།དམངས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་ཞིང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འཇིགས་སྐུལ་ཐེབས་དུས་སྐྲག་ནས་ཕྱིར་སྣུར་བྱེད་པ་སོགས་རེད།ཏང་ཡོན་འགའ་ཡི་སེམས་ཤུགས་ཉ་བེ་ཉོ་བེ་ཡིན་པའི་གནད་དོན་ཐག་གཅོད་དགོས་ལ་གཙོ་བོ་བྱ་བ་སྒྲུབ་དུས་སྒྱིད་ལུག་ཡིན་པ་དང་འགན་འཁྲི་དང་དུ་མི་ལེན་ཞིང་འགན་འཁྲིའི་འདུ་ཤེས་མེད་པ་སོགས་རེད།ཏང་ཡོན་འགའ་ཡི་འགྲོ་ཚུལ་སྤྱོད་སྟངས་མི་གཙང་བའི་གནད་དོན་ཐག་གཅོད་དགོས་ལ་གཙོ་བོ་ནི་སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་དང་ལས་རིགས་ཀུན་སྤྱོད་ལ་རྒྱབ་འགལ་བྱས་པ།མི་སྒེར་གྱི་ཀུན་སྤྱོད་ལ་ཉམས་མི་འཇོག་པར་མ་ཟད་ཧམ་ཟ་ལོངས་སྤྱོད་དང་རྒྱས་སྤྲས་འཕྲོ་བརླག་བྱེད་པ་སོགས་རེད།

༼སྒྲུབ་གཉིས་སློབ་གཅིག༽གི་སློབ་གསོར་སློབ་སྦྱོང་བྱེད་པ་སྤེལ་ནས།དྲང་ཕྱོགས་ཀྱི་སློབ་གསོ་གཙོར་འཛིན་པ་དང་།ཚན་རིག་གཞུང་ལུགས་བཀོལ་ནས་ཀླད་ཤུགས་ཇེ་མཐོར་གཏོང་བ་རྒྱུན་འཁྱོངས།སྦྱངས་སྤྱོད་ཟུང་འབྲེལ་དང་།ཤེས་པ་དང་ཉམས་ལེན་གཅིག་གྱུར་ལ་རྒྱུན་འཁྱོངས།གོང་གི་འཛུབ་སྟོན་དང་གོང་མས་འོག་མ་ཁྲིད་པར་རྒྱུན་འཁྱོངས།དོན་དངོས་ནས་མགོ་བརྩམས་དེ་རིགས་དབྱེའི་ཁྲིད་སྟོན་རྒྱུན་འཁྱོངས་བཅས་བྱེད་དགོས།ཏང་ཀྲི་པུའུ་གཞི་རྩ་ཡིན་པའི་ལས་ཁུངས་དང་།༼ཚོགས་གསུམ་སློབ་གཅིག༽སོགས་ཏང་གི་རྩ་འཛུགས་འཚོ་བ་གཞི་རྩའི་རྣམ་པ།ཏང་མའི་སློབ་གསོ་དོ་དམ་ལམ་ལུགས་དོན་འཁྱོལ་ཡོང་བ་གཞི་རྩའི་རྒྱབ་རྟེན་བྱེད་པ།མགོ་ཁྲིད་ལས་ཁུངས་ལ་དམིགས་པ།མགོ་ཁྲིད་ཚན་ཁག་དང་ཏིང་མི་ལས་བྱེད་པ།སྤྱིར་བཏང་གི་ཏང་མིའི་གནས་ཚུལ་མི་འདྲར་བར་བཀོད་སྒྲིག་བྱེད་དགོས།གཞི་རིམ་ཏང་གི་རྩ་འཛུགས་ཟུང་འབྲེལ་དོན་དངོས་སློབ་གསོར་སློབ་སྦྱོང་སྤེལ་ནས་བར་སྟོང་མཁོ་འདོན་བྱེད་པ།ཏང་ཀྲི་པུའུ་ཡི་རང་ཉིད་གཙང་བསྒྱུར།རང་ཉིད་མཐོར་འདེགས་ཀྱི་རང་ཤུགས་རང་བཞིནམཁོ་འདོན་བྱེད་དགོས།

གཉིས།སློབ་གསོའི་སློབ་སྦྱོང་གི་ནང་དོན།

༡ཏང་མིའི་ཏང་གི་སྒྲིག་ཡིག་བཀུར་བ་དང་།བརྩི་བ། སྲུང་བ་བཅས་ལ་སྣེ་ཁྲིད་བྱེད་ཀྱང་། ཕུགས་བསམ་གཙང་ཞིང་། ཏང་ལ་བློ་དཀར་དགོས།༼ཀྲུང་གོ་གུང་ཁྲན་ཏང་གི་རང་སྡོམ་རྩ་དོན༽དང་༼ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ལམ་ཚན་པ༽བཅས་ཏང་ནང་གི་ཁྲིམས་བཅོས་ལ་སློབ་སྦྱོངས་ནན་ཏན་བྱེད་དེ།ཏང་གི་ལོ་རྒྱུས་ལ་སློབ་སྦྱོངས་དང་།གསར་བརྗེ་སྔོན་བྱོན་པ་དག་དང་སྔོན་ཐོན་གྱི་བརྩམས་ཆོས་ལ་སློབ་སྦྱོང་བྱེད་དགོས།ཀྲོས་ཡོན་ཁང་དང་པའོ་ཤེས་ལེའེ།ཀའོ་ཤུང་པའོ། ལེན་ཅུས་ཧཱ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལས་སློབ་གསོ་ཐོབ་པར་བྱས་ཏེ།ཤུགས་རྐྱེན་ངན་པ་དག་པར་བྱས་ནས། དྲང་ཕྱོགས་ཀྱི་སྐུལ་འདེད་ནུས་པ་ཐོན་པར་བྱེད་དགོས།ཏང་ཡོན་གྱིས་ཏང་གི་སྒྲིག་ཡིག་སེམས་ལ་ངེས་པར་སྣེ་ཁྲིད་དང་།ཏང་གི་སྤུས་ལེགས་སྲོལ་རྒྱུན་དང་སྤྱོད་ལུགས་སེམས་ལ་ངེས་ཤིང་།ཀུན་སྤྱོད་ཀྱི་རེ་སྙེག་མཐོན་པོར་འཛུགས་པ།རང་རྟོགས་ཀྱི་འདུ་ཤེས་བརྟན་པོར་ཚུགས་པ་བཅས་བྱེད་དགོས།

༢ གཏམ་བཤད་རིམ་བསྟར་ཅན་སྦྱོང་བ།གཞུང་ལུགས་ཀྱི་དྲག་ཆས་ཇེ་དྲག་དུ་གཏོང་བ་དང་།བསམ་བློའི་བྱེད་ཕྱོགས་གཅིག་འདུ་ལ་དམིགས་ནས།ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕེང་གིས་བཏོན་པའི་བསྒྱུར་བཅོས་འཕེལ་རྒྱས་གཏན་འཇགས་དང་།ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་།ཏང་སྐྱོང་རྒྱལ་སྲུང་དམག་སྐྱོང་གི་གལ་ཆེའི་བསམ་བློར་སློབ་སྦྱོང་བྱས་ནས།ནན་ཏན་གྱིས་བློ་མཐུན་ཞེས་ཅིན་ཕེང་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་།བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་ལ་སློབ་སྦྱོང་བྱེད་དགོས།ཏང་ཡོན་ལ་སྣེ་ཁྲིད་བྱས་ནས་གཏིང་ཟབ་དགོས་གལ་ཆེའི་གཏམ་བཤད་རིམ་བསྟར་ཅན་ལ་སློབ་སྦྱོང་བྱས་ནས་ནང་དོན་ཀྱི་སྙིང་བོ་ཤེས་བར་བྱེད་དགོས་དགོས།མར་ཁེ་སིརིང་ལུགས་བརྒྱུད་པའི་ལངས་ཕྱོགས་ཀྱི་ལྟ་ཚུལ་བྱེད་ཐབས་ལ་ཤེས་རྟོགས་བྱེད་དགོས།སྤྱི་ཁྱབ་ཧྲུའུ་ཅི་ཞེས་ཅིན་ཕེང་གི་གཏམ་བཤད་གཙོ་བོར་སློབ་སྦྱོང་བྱས་པ་དང་འབྲེལ།མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ།ཏེང་ཞའོ་ཕིང་གི་རིག་པའི་གཞུང་ལུགས། ༼མཚོན་བྱེད་གསུམ་༽གྱི་གལ་ཆེའི་དགོངས་པ།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་བཅས་ཟུང་འབྲེལ་ལ་སློབ་སྦྱོང་བྱས་ཏེ།དུས་དང་བསྟུན་པའི་ཏང་གི་ནང་གི་འབྲེལ་བར་གོ་བ་ཟབ་མོ་བླངས་ནས།ཀྲུང་གོའི་ཁྱད་ཆོའི་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དང་གཞུང་ལུགས།ལམ་ལུགས་བཅས་ལ་ཡིད་ཆེས་བརྟན་པོ་བྱེད་དགོས།སྤྱི་བཏང་གི་ཏང་ཡོན་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་གཉིས་ཀྱི་ཁྱད་པར་ཕྱེས་ནས།སློབ་སྦྱོང་གི་གལ་ཆེའི་ནང་དོན་གཏན་ཁེལ་བྱེད་དགོས།

༣ཚུལ་མཐུན་གྱི་ཏང་ཡོན་བྱེད་དགོས།ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གསར་བའི་འཕེལ་རྒྱས་ཀྱིས་ཏང་ཡོན་ལ་བཏོན་པའི་རེ་བ་རྒྱུན་སྐྱོང་དགོས་པ་མ་ཟད།ཆབ་སྲིད་བརྗོད་ཞིང་ཡིད་ཆེས་ལྡན་པ། སྒྲིག་ལམ་བརྩི་ཞིང་སྒྲིག་སྲོལ་སྲུང་བ།ཀུན་སྤྱོད་ལེགས་ཤིང་བྱ་སྤྱོད་ཚུལ་ལྡན་ཡིན་པ།བློས་གཏོང་ཕོད་ཞིང་ལས་དོན་སྒྲུཔ་པའི་ཚུལ་མཐུན་ཏང་ཡོན་བྱེད་དགོས།ཏང་ཡོན་གྱི་ཆབ་སྲིད་འདུ་ཤེས་མཐོར་འདེགས་ལ་སྣེ་ཁྲིད་དང་ཆབ་སྲིད་རང་བཞིན་སྲུང་འཛིན་བྱས་ནས།ཕུགས་འདུན་གྱི་དད་སེམས་དེ་དུས་དང་རྣམ་པ་ཀུན་ཏུ་སྤྱོད་ལམ་གྱི་སྟོབས་ཤུགས་ལས་མངོན་ཐུབ་དགོས།རང་རྟོགས་ཀྱིས་བསམ་བློའི་སྟེང་དང་ཆབ་སྲིད་ཀྱི་སྟེང་།བྱ་སྤྱོད་ཀྱི་སྟེང་སོགས་ནས་བློ་མཐུན་ཤེས་ཅེན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་དང་བསྟུན་ཞིང་ཚད་གཞི་གཅིག་མཐུན་ཡོངས་དགོས།དུས་རྒྱུན་དུ་རང་འགུལ་གྱིས་ཏང་ཀྲུང་དབྱང་ལ་མིག་དཔེ་ལྟ་བ།ཏང་གི་གཞུང་ལུགས་དང་ལམ་ཕྱོགས་སྲིད་ཇུས་ལ་མིག་དཔེ་བལྟས་ནས་ཆབ་སྲིད་སྟེང་གི་གོ་རྟོགས་ཅན་ཞིག་བྱེད་དགོས།ཏང་གི་དགོངས་དོན་ལག་ལེན་དུ་ཕབ་དགོས་པ་མ་ཟད་བློ་ཁོག་ཡངས་བོ་བྱས་ནས།གུང་ཁྲན་ཏང་ཡོན་ནི་ངལ་རྩོལ་མི་དམངས་སྤྱིར་བཏང་པ་ཞིག་ཡིན་པ་སེམས་ལ་ངེས་དགོས་ལ།མང་ཚོགས་ལ་འབྲེལ་བ་དམ་ཟབ་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་དགོས།ཏང་གཤིས་སྦྱོང་བརྡར་དང་ཀུན་སྤྱོད་ཇེ་ལེགས་དུ་གཏོང་བར་ཤུགས་སྣན་དགོས་པ་མ་ཟད།སེམས་ནས་ཀུས་ཤིང་སྐྲག་ལ་ལག་ནས་སྙུག་ལྕག་འཛིན་དགོས་པ་དང་།སྤྱོད་པ་གཅང་མས་སྲིད་སྐྱོང་ཞིང་གཟབ་པ་ནན་པོས་ཁྱིམ་བསྐྱངས་ནས།རུལ་སུངས་སྔོན་འགོག་གི་འཛིང་རགས་བརྟན་པོར་འཛུགས་དགོས།ལས་མིའི་བྱ་བཞག་གསར་གཏོད་ལ་སྲུང་འཛིན་དང་བརྩོན་པ་ལྷུར་ལེན་གྱིས་བསམ་པ་རྒྱ་བསྐྱེད་ནས།དུས་དང་རྣམ་པ་ཀུན་དུ་རྒྱུན་ལྡན་ཡིན་དུས་མཐོང་ཐུབ་ལ་གནདམའགག་ལ་ཐོན་དུས་རྒྱུག་ཐུབ་དགོས།༼ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་༽པ་ནས་ལམ་ལ་ཆས་ཏེ།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་ལོ་བརྒྱའི་འཆར་གཞི་དང་པོ་མངོན་འགྱུར་འབྱུང་བར་བརྩོན་པ་ལྷུར་ལེན་བྱས་ནས་བྱས་རྗེས་འཇོག་དགོས།

གསུམ།བྱེད་ཐབས་གཙོ་བོ།

ཆེད་དོན་ལ་དམིགས་ནས་སློབ་སྦྱོང་གྲོས་སྡུར་བྱེད་པ་དང་།མི་བུ་རང་ཉིད་ཀྱི་རང་སྦྱོང་དང་གཅིག་སྡུས་སློབ་སྦྱོང་ཟུང་དུ་སྦྲེལ་ནས།རང་སྦྱོང་བླང་བྱ་གསལ་བོ་བྱས་ནས།ཏང་ཡོན་གྱི་རང་སྦྱོང་ལ་ཁྲིད་སྟོན་བྱེད་པ་དང་།༼ཚོགས་གསུམ་ཁྲིད་གཅིག༽གི་ལམ་ལུགས་གཞིར་བཟུང་ནས།ཏང་ཡོན་ཚན་ཆུང་དག་གིས་དུས་ཚོད་ངེས་ཅན་ནང་ཏང་ཡོན་དག་རྩ་འཛུགས་བྱས་ནས་གཅིག་སྡུས་སློབ་སྦྱོང་བྱེད་པ་དང་།ཏང་ཡོན་ཚོ་ཆུང་སྒྲིགས་འཛུགས་མི་བྱེད་པ་དག་གིས།ཏང་ཀྲི་པུའུ་དེ་སྡེ་ཚན་དུ་བཟུང་ནས་གཅིག་སྡུས་སློབ་སྦྱོང་བྱེད་པ་དང་།ཏང་ཀྲི་པུའུ་ཡིས་དུས་ཚུགས་རེར་ཏང་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གཅིག་རེ་སྐོང་ཚོགས་བྱས་ནས།རྟག་དུ་ཆེད་དོན་གཅིག་ལ་དམིགས་ནས་རྩ་འཛུགས་གྲོས་སྡུར་བྱེད་པ།གྲོས་སྡུར་སློབ་སྦྱོང་དེ་དངོས་ཡོད་དང་ཟུང་དུ་སྦྲེལ་ནས།རང་ཉིད་ཀྱི་དངོས་ཡོད་འཚོ་བའི་བསམ་བློའི་ལས་དོན་དང་འབྲེལ་སྦྱོར་བྱས་ནས།ཁོ་བོ་ཉིད་ལས་འགན་གསར་བ་དང་ཚོད་བགམ་གསར་བའི་མདུན་དུ།བློ་བརྟན་འགྱུར་མེད་ངང་གུང་ཁྲན་ཏང་མིའི་དད་མོས་དང་དད་སེམས་དགོངས་དོན་རྒྱུན་འཁྱོངས་བྱེད་ཐུབ་མིན་དང་།ཡང་དག་པའི་སྒོ་ནས་སྤྱི་དོན་དང་སྒེར་དོན།དྲང་བདེན་དང་ཁེ་བཟང་།རང་ཉིད་དང་རྩ་འཛུགས་།རང་ཉིད་དང་དམངས་ཚོགས་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་ཐུབ་མིན།ཧུར་རྩོན་ངང་ཡ་རབས་སྤྱོད་བཟང་འཚོལ་སྙེགས་དང་།སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་ཚུལ་ལག་ལེན་དོན་འཁྱོལ་བྱེད་པར་མགོ་ཁྲིད་ནས།ཧུར་རྩོན་ཡར་སྐྱེད་ཀྱི་འཚོ་བའི་བྱེད་ལུགས་རྒྱུན་འཁྱོངས་བྱས་ནས།རང་རྟོགས་ངང་ཏང་ལུགས་དང་ཏང་གི་སྒྲིགས་ཁྲིམས་མདུན་དུ་གུས་བཀུར་དང་ལུགས་སྲོལ་སྲུང་ཐུབ་མིན་དང་།བསམ་པའི་རྣམ་པ་ཡག་ཤོས་རྒྱུན་འཁྱོངས་དང་།ཧུར་རྩོན་ངང་ཏང་གི་བྱ་བཞག་དེ་ཐེག་འཁུར་བྱེད་ཐུབ་མིན།གྲོས་སྡུར་སློབ་སྦྱོང་རྒྱུད་ནས།ཤེས་རྟོགས་མཐོར་མདེགས་དང་།བར་ཁྱད་བཙལ་ནས།ཧུར་རྩོན་གྱི་ཁ་ཕྱོགས་གཏན་ཁེལ་བྱེད་དགོས

། 1ཐབས་གཞི་གསར་བའི་ཏང་གི་སློབ་ཁྲིད་བྱས།ཏང་གི་སློབ་ཁྲིད་འདི་སྤྱིར་བཏང་དུ་ཏང་ཀྲི་པུའུ་ཁྱབ་ཁོངས་སུ་ཚིགས་བཞིན་ཡོད།ཏང་ཀྲི་པུས་སློབ་སྦྱོང་ཁྱད་གཞི་བགྲོ་གླེང་དང་ཟུང་འབྲེལ་བྱས་ནས་ཏང་གི་སློབ་ཁྲིད་ཀྱི་ནང་དོན་དེ།དུས་ཚོད་དང་ཐབས་ཤེས་སོགས་བཀོད་སྒྲིག་བྱས་པ།ཏང་ཡོན་འགོ་ཁྲིད་ལའ་བྱེད་མི་སྣས་ཏང་ཀྲི་པུའུ་ནང་གི་སློབ་ཁྲིད་ཚོགས་པ་དང་།ཞང་གྲོང་དདང་ཁེ་ལས།སློབ་གྲྭ་སོགས་གཞི་རིམ་ལས་ཁུངས་སོགས་ཏང་ཀྲི་པུའུ་ནང་སོང་ནས་སློབ་ཁྲིད་ཚོགས་པ།ཏང་གི་སློབ་ཁྲིའི་དགེ་རྒན་དང་གླེང་བཤད་མི་སྣ།སྔོན་ཐོན་དཔེ་སྟོན་རྩ་འཛུགས་བྱས་ནས་གཞི་རིམ་རིམ་པ་དང་པོའི་ཏང་ཀྲི་པུའུ་སོགས་ནས་ཏང་གི་སློབ་ཁྲིད་ཚོགས།གཞི་རིམ་ཏང་གི་རྩ་འཛུགས་ཧྲུའུ་ཅི་དང་སྤྱིར་བཏང་ཏང་གི་སློབ་ཁྲིད་ཚོགས་པར་སྐུལ་མ་དང་མཛུབ་སྟོན་བྱེད་དགོས།མཐའ་འཁོར་གྱི་བྱ་དངོས་དང་རང་དཔེ་གཞན་སྟོན་གཙིགས་ཆེར་བཟུང་ནས་བགྲོ་གླེང་ངང་ཏང་གི་སློབ་ཁྲིད་ནུས་པ་མཐོར་འདེགས་གཏོང་དགོས།

བདུན་གཅིག་སྔོན་ལ་ཏང་ཀྲི་པུས་ཏང་བཙུགས་ནས་ལོ་འཁོར་༩༥ལོན་པར་དྲན་གསོ་བྱེད་པའི་བྱ་འགུལ་དང་ཟུང་འབྲེལ་དང་བྱས་ནས་གཞི་གཅིག་ཏུ་ཏང་གི་སློབ་ཁྲིད་བཀོད་སྒྲིག་བྱེད་རྒྱུ།

༢ཏང་ཀྲི་པུའུ་འཚོ་བའི་རྩ་འཛུགས་ཀྱི་ཆེད་དོན་ཚོགས་འདུ་བསྡུ་བ།ལོའི་མཇུག་གི་སྔོན་ལ་ཏང་ཀྲི་པུའུ་འཚོ་བའི་རྩ་འཛུགས་ཀྱི་ཆེད་དོན་ཚོགས་འདུ་བསྡུས་སྟེ་ཀྲི་པུའུ་འགོ་ཁྲིད་དང་འཐུས་མིའི་འགན་ནུས་དང་འགན་ཁུར་ལ་ཏང་རང་བཞིན་གྱི་དབྱེད་ཞིབ་དང་བསམ་བློའི་ཐད་དང་རྩ་འཛུགས།ཀུན་སྤྱོད་དང་སྒྲིག་ལམ་ཐད་དུ་གནས་པའི་གནད་དོན་དག་དག་ཐེར་བྱས།ཏང་ཡོན་དང་དམངས་ལ་ཁ་ཕྱོགས་ནས་བསམ་ཚུལ་བསྡུད་ལེན་དང་ནན་ཏན་གཟབ་ནན་སྒོས་སྐྱོན་བརྗོད་བྱེད་པ་དང་རང་སྐྱོན་ངོས་ལེན།གནད་དོན་ཆེ་ཁག་ལ་དམིགས་པ་དང་སྒྲིག་གཞི་དམན་པ་ལེགས་སྒྲིག་གི་བྱ་ཐབས་འདོན་པར་དམིགས།ཏང་མི་ཡོངས་ལ་རྩ་འཛུགས་བྱས་ནས་ཀྲི་པུའུ་འགོ་ཁྲིད་ཀྱི་བྱ་བ་དང་ཀུན་སྤྱོད་དག་ལ་དཔྱད་མོལ་སྤེལ།ཏང་ཚན་ཆུང་གིས་ཏང་ཀྲི་པུའུ་ཡི་བླང་བྱ་ལ་དཔེ་ལྟས་ནས་ཏང་ཀྲི་པུའུ་འཚོ་བའི་རྩ་འཛུགས་ཀྱི་ཆེད་དོན་ཚོགས་འདུ་བསྡུས་ན་ཆོག

༣དམངས་གཙོའི་དཔྱད་བརྗོད་ཏང་མི་གོང་སྤེལ་བཏང་སྟེ།ཏང་ཀྲི་པུའུ་སྡེ་ཚན་དུ་བྱས་ནས་ཏང་ཡོན་ཡོངས་རྫོགས་ལ་ཚོགས་འདུ་དང་ཏང་ཡོན་གྱིས་དམངས་གཙོའི་དཔྱད་བརྗོད་སྤེལ་བར་རྩ་འཛུགས་བྱེད་པ།

ཏང་ཡོན་གྱི་ཚད་གཞི་སྡུར་བ།མི་སྒེར་གྱི་རང་སྐྱོན་བརྗོད་པ་དང་ཏང་ཡོན་ཕན་ཚུན་ལ་སྐྱོན་བརྗོད།དམངས་གཙོ་ཚོད་བགམ།རྩ་འཛུགས་ཀྱིས་དཔྱད་བསྡུར་གཏན་འབེབས་བྱས་པའི་བྱ་རིམ་གཞིར་བཟུང་ནས་ཏང་ཡོན་ལ་དཔྱད་མོལ་བྱེད་པ།ཏང་ཡོན་གྱི་མི་གྲངས་ཅུང་མང་བའི་ཏང་ཀྲི་པུའུ་དང་སྒེེར་གྱི་རང་སྐྱོན་བརྗོད་པ།ཏང་ཡོན་ཕན་་ཚུན་ལ་སྐྱོན་བརྗོད་སོགས་ཚོ་བགོས་ནས་སྤེལ་བ།དམངས་གཙོའི་དཔྱད་མོལ་དང་མཉམ་འབྲེལ་སྒོས་ཀྲི་པུའུ་ཚན་ཁག་གི་མི་སྣས་ཏང་ཡོན་རེ་རེ་དང་བསམ་པའི་ཁ་བརྡ་གློད་པ།ཏང་ཀྲི་པུའུ་ཡི་ཕྱོགས་བསྡུས་དམངས་གཙོ་དཔྱད་མོལ་གནས་ཚུལ་དང་ཏང་ཡོན་ཉིན་རྒྱུན་གྱི་མངོན་ཚུལ་གྱིས་དཔྱད་མོལ་གྱི་རིམ་པ་གཏན་ཁེལ་བྱས་པ་དང་།ཕལ་བྱུང་གི་ཏང་ཡོན་ལ་བསྟོད་བསྔགས་དང་ཚད་ལྡན་མིན་པའི་ཏང་ཡོན་ལ་ཏང་གི་སྒྲིག་ཡིག་དང་ཏང་ནང་ཁུལ་གྱི་འབྲེལ་ཡོད་གཏན་ཁེལ་བརྒྱུད་ནས།གནས་ཚུལ་མི་འདྲ་བ་ལ་བརྟན་བརླིང་གཟབ་ནན་གྱིས་རྩ་འཛུགས་ལ་སྤྲད་ནས་ཐག་གཅོད་བྱ་དགོས་སོ།

༤ལས་གནས་ལ་རྐང་བཙུགས་ཏེ་ཏང་མིའི་ཚོགས་ཁག་མི་འདྲ་བའི་དངོས་ཡོད་གནས་ཚུལ་ལ་ཁ་གཏད་ནས།ཏང་མིའི་བྱེད་ནུས་ཐོན་དགོས་པའི་བྱེ་བྲག་བླང་བྱ་འདོན་པ།སློབ་གསོས་ཏང་མི་ལ་སྣེ་ཁྲིད་ནས་ལས་གནས་དང་ས་གནས་ག་གེ་མོ།ཡང་ན་དུས་སྐབས་དང་གནས་ཚུལ་ག་གེ་མོའི་འོག་ཏུ་ཏང་མིའི་ཐོབ་ཐང་བརྗེ་མི་ཉན་པ་དང་།ཧུར་བརྩོནགྱིས་ཏང་གི་བྱ་བར་འཇུག་པ།ཡུལ་ཁོངས་དང་ལས་རིགས་མི་འདྲ་བའི་དངོས་ཡོད་ཟུང་དུ་འབྲེལ་ནས་ནས།ཏང་མིའི་སྣེ་ཁྲིད་ནས་ལས་གནས་ཀྱི་རྐང་འཛུགས་པ་དང་འགན་ཁུར་དང་ལེན་གྱི་ཕྱོགས་ནས་རྩ་འཛུགས་བྱེད་དགོས།དེ་ནས་ཞིང་སྡེ་དང་གྲོང་ཁུལ་ནས་གཙོ་བོ་ཏང་མིའི་ལས་གནས་ཀྱི་འགན་འཁྲི་དང་ཁས་ལངས་པའི་ལག་བསྟར་ལམ་ལུགས་ལག་བསྟར་བྱེད་པ།རྒྱལ་གཉེར་ཁེ་ལས་དདང་སྤྱི་གཉེར་ཁེ་ལས།སྤྱི་ཚོགས་རྩ་འཛུགས་སྟེ་གཙོ་བོ་ཏང་མིའི་མིག་སྟོན་ལས་གནས་དང་ཏང་མིའི་འགན་འཁྲིའི་ལམ་ལུགས་ལ་བབ་འདུགལས་ཁུངས་དང་ཞབས་ཞུའི་ལས་རིགས་སྟེང་ནས་གཙོ་བོ་ཏང་མིའི་མིང་བཀལ་གྱི་ལས་གནས་དང་ཐོབ་ཐང་གསལ་བའི་ལམ་ལུགས་ལ་བབ་འདུགའབྲེལ་ཡོད་བྱ་བའི་ལས་ཁུངས་དང་ཏང་མིའི་དཔེ་ལེགས་ཀྱི་འགན་འཁྲིའི་སྤྱོད་པ་ལ་སྐུལ་འདེད་བྱེད་པ་དེ་གཙོ་བོ་ཏང་མིའི་གྲོང་ཁུལ་དང་ཐད་ཀའི་དམངས་ཚོགས་ལམ་ལུགས་ཀྱི་ཞབས་ཞུ་ལ་འབྲེལ་བ་བྱེད་པ།སློབ་གྲྭ་ནས་གཙོ་བོ་ཏང་མི་ལ་ཏང་གི་འདུ་ཤེས་ཇེ་དྲག་དང་རང་འགུལ་གྱིས་ཏང་ལ་དགའ་བ།ཏང་ལ་གཅེས་པ།ཏང་གི་ཆེད་དུ་འབད་པའི་བླང་བྱ་བཏོན་པ་མ་ཟད།ཀུན་སྤྱོད་ལ་གཅེས་པ།སྤྱི་ཚོགས་ལ་ཡོད་ཚད་འབུལ་བ།ཏང་བཙུགས་ནས་ལོ་འཁོར་༩༥ལོན་པའི་རྗེས་དྲན་བྱ་འགུལ་ཁྲོད་དུ།ཕུལ་བྱུང་གི་གུང་ཁྲན་ཏང་མི་དང་ཕུལ་བྱུང་གི་ཏང་འགན་བསྒྲུབ་པའི་ལས་གཉེར་བ།སྔོན་ཐོན་གྱི་ཏང་གི་རྨང་བཟུང་རྩ་འཛུགས་བཅས་འདེམས་ཐོན་བྱས་ནས་བྱ་དགའ་སྟེར་བའོ།

༥འགོ་ཁྲིད་ལས་ཁུངས་དང་འགོ་འཁྲིད་མི་སྣའི་བྱ་བའི་ལས་ཕྱོད།ཏང་ཡོན་འགོ་ཁྲིད་མི་སྣས་“གཉིས་སློབ་གཅིག་སྒྲུབ་”ཀྱི་སློབ་སྦྱོང་གི་སློབ་གསོའི་གོ་རིམ་ཁྲོད་མདུན་དུ་སྐྱོད་པ།གཏིང་ཇེ་ཟབ་དང་གཟབ་ནན་གྱིས་རྩ་འཛུགས་གཉིས་བརྩེགས་ཀྱི་འཚོ་བའི་ལམ་ལུགས་ལག་བསྟར་དང་སྤྱིར་བཏང་གི་ཏང་ཡོན་མི་སྣའི་ཐོབ་ཐང་གིས་དེ་གའི་རྩ་འཛུགས་ཀྱི་འཚོ་བར་ཞུགས་པ།ཏང་ཡིན་མི་སྣ་དང་ལྷན་དུ་གྲོས་བསྡུར་དང་མཉམ་དུ་གནད་དོན་ཐག་གཅོད་དང་།མཉམ་དུ་སློབ་གསོ་མྱོང་བ།ཏང་ཡོན་མི་སྣ་དང་མཉམ་དུ་དམངས་གཙོའི་དཔྱད་གླེང་དུ་ཞུགས་པ།ཏང་ཨུའི་གྲོས་ཚོགས་བསྡུས་ནས་ཆེད་བརྗོད་ཀྱི་ཏང་གི་སྒྲིག་ཡིག་དང་སྤྱི་ཁྱབ་ཞིན་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ལ་སློབ་སྦྱོང་བྱ་དགོས།ཏང་ཨུའི་ཚོགས་འདུའི་ཁྲོད་དུ་ལྟེ་བའི་རྩ་འཛུགས་སོགས་རྩ་འཛུགས་རྣམ་པ་གཅིག་བསྡུས་ཀྱིས་ཞིབ་འཇུག་དང་གྲོས་བསྡུར་བྱེད་ནས་སློབ་སྦྱོང་གི་འབྲས་བུ་སྔར་ལས་གཏིང་ཇེ་ཟབ་ཏུ་གཏོང་དགོས།ལོ་རེའི་དམངས་གཙོའི་འཚོ་བའི་གྲོས་ཚོགས་ཀྱི་བརྗོད་གཞི་“གཉིས་སློབ་གཅིག་སྒྲུབ”བྱེད་ནས་འགི་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་མི་སྣ་རང་ཉིད་ནང་དུ་ཞུགས་ཏེ་གནད་དོན་འཚོལ་དགོས།

༦རིམ་པ་སོ་སོའི་འགན་ཁུར་དོན་ཐོག་དུ་འཁྱོལ་བ།ཏང་ཨུ་【ཏང་རྩ་འཛུགས】རིམ་པ་སོ་སོས“གཉིས་སློབ་གཅིག་སྒྲིབ”ཀྱི་སློབ་གསོའི་སློབ་སྦྱོང་འདི་ཆབ་སྲིད་ཀྱི་འོས་འགན་ཆེན་པོ་ཞིག་ཡིན་ཕྱིན་འགན་ཁུར་བ་དང་རྩ་བ་ཟིན་པ།ནུས་བ་ཐོན་དགོས།ཞིང་ཆེན་【རང་སྐྱོང་ཁུལ་ལམ་ཐད་གཏོགས་གྲོང་ཁྱེར】དངསྡེ་ཁག【མ་ལག】ཏང་ཨུ【ཏང་རྩ་འཛུགས】ཡིས་དོན་དངོས་དང་སྦྲེལ་བཀོད་སྒྲིག་བྱས་སྟེ་བྱེ་བྲག་གི་མཛུབ་སྟོན་ལ་ཤུགས་ཆེར་རྒྱག་དགོས།ཞིང་ཆེན་རིམ་པའི་ཏང་ཨུས་གནད་འགག་གི་ནུས་པ་ཐོན་དགོས་སྟེ་བྱེ་བྲག་གི་བྱ་བའི་འཆར་གཞི་གཏན་འབེབས་དང་ལས་ཀའི་སྟོབས་ཤུགས་ཁག་ཐེགམཛུབ་སྟོན་བྱ་བའི་རིམ་པའི་ཐད་ཀྱི་སྐུལ་འདེད་ཇེ་ཆེར་གཏོང་དགོས།གཞི་རིམ་ཏང་ཨུས་ཐད་གཏོགས་ཀྱི་ཏང་ཀྲི་པུའུ་ལ་ཕྱོགས་ཡོངས་དང་རིམ་པ་ཡོངས་ནས་ཐད་ཀའི་མཛུབ་སྟོན་བྱ་བ་དང་ཏང་ཀྲི་པུའུ་ཡི་སློབ་གསོའི་སློབ་སྦྱོང་འཆར་གཞི་བཟོ་བར་རོགས་རམ།ཏང་མི་མངོགས་གཏོང་བྱས་ནས་ཏང་ཀྲི་པུའུ་ཡི་བྱ་འགུལ་སོ་སོར་ཞུགས་དགོས་པ།རིམ་པ་སོ་སོའི་ཏང་ཧྲུའུ་ཅིས་འོས་འགན་གཙོ་བོ་ཁུར་དགོས་ལ་ལས་བྱེད་མི་སྣ་དང་འགོ་ཁྲིད་ལ་སྣེ་ཁྲིད་དགོས་པ་མ་ཟད་ཏང་མི་དང་ཏང་ཁག་ལ་ཁྲིད་སྟོན།རིམ་པ་སོ་སོར་གནོན་ཤུགས་ཀྱིས་སྐུལ་ནས་སློབ་གསོའི་སློབ་སྦྱོང་སྤེལ་བ་ནན་ཏན་དང་དོན་དངོས་ནས་འཛིན་པའོ།

༧རྩ་འཛུགས་ཀྱི་འགན་ལེན་ཇེ་དྲག་ཏུ་གཏོང་བ།

ནུས་མེད་ཟབ་ཟོབ་ཀྱི་ཏང་གི་རྨང་གཞིའི་རྩ་འཛུགས་དག་ཐེར་ལས་དོན་ཤུགས་ཆེར་བཏང་ནས་ཆ་ཚང་ལ་སྟོབས་དང་ལྡན་པའི་སྤྱི་ཁོག་དང་།ལྷག་པར་སྣེ་ཁྲིད་པ་དང་བྱ་བའི་ལམ་ལུགས་འཐུས་སྒོ་ཇེ་ཚང་།“གཉིས་སློབ་གཅིག་སྒྲུབ”སློབ་སྦྱོང་དང་སློབ་གསོ་མི་ལ་ལས་འཛིན་པ་དང་ལ་ལས་དོ་དམ་བྱེད་པ་ཁག་ཐེག་བྱེད་པ།ཏང་ཡོན་གྱི་རྩ་འཛུགས་འབྲེལ་བ་གཅིག་སྡུད་ངང་གྲལ་བཤེར་དང་།{ཁུག་མའི}ཏང་ཡོན་དང་ཡུན་རིང་ཏང་གི་རྩ་འཛུགས་ལ་འབྲེལ་བ་ཆད་པའི་ཏང་ཡོན་གྱི་གནས་ཚུལ་གསལ་རྟོགས་བྱེད་པ།ཏང་ཡོན་རྩ་འཛུགས་མཐུན་སྦྱོར་ཡོང་བ་བྱས་ཏེ་འབད་བརྩོན་གྱིས་ཏང་ཡོན་རེ་རེ་ནུས་ལྡན་རྩ་འཛུགས་དོ་དམ་དུ་གསོར་ཞུགས་དང་སློབ་སྦྱོང་ལ་ཟབ་ཞུགས་བྱེད་དུ་འཇུག་པ།རྨང་གཞིའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་རྩ་འཛུགས་ཨུ་ཡོན།རྩ་འཛུགས་པ་སོགས་ཏང་གི་ལས་བཟོ་བར་རྒྱུན་ལྡན་གྱི་གསོ་སྦྱོང་བྱས་ནས་ཁོ་ཚོར་བྱ་བ་སྒྲུབ་པའི་ཐབས་ལམ་དང་བྱ་བའི་རེ་བ་གསལ་རྟོགས་བྱེད་དུ་འཇུག་པ།

༨རིགས་དབྱེའི་མཛུབ་སྟོན་ལ་བརྩི་མཐོང་།

ཏང་ཨུ་དང་ཁེ་ལས།སློབ་གྲྭ་སོགས་གཞི་རིམ་ཏང་ཨུས་ཁྱབ་ཁོངས་མི་འདྲ་བ་དང་ལས་རིགས་མི་འདྲ།ལས་ཁུངས་མི་འདྲ་སོགས་ཀྱི་ཁྱད་ཆོས་གཞིར་བཟུང་སྟེ་སློབ་གསོའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ནང་དོན་བཀོད་སྒྲིག་དང་རྩ་འཛུགས་རྣམ་པ་སོགས་ཀྱི་ཐད་ནས་དངོས་ཡོད་ཀྱི་རེ་བ་འདོན་དགོས།སྤྱི་དབང་ལམ་ལུགས་མ་ཡིན་པའི་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་ཐད་གང་ལ་གང་འཚམ་གྱི་བཀོད་སྒྲིག་ལེགས་པོ་བྱེད་དགོས་པ་དང་།ཡང་མི་གྲངས་ཉུང་ཤོས་དང་འཁོར་རྒྱུག་རང་བཞིན་དྲག་པའི་ཏང་གི་རྩ་འཛུགས་ཀྱིས་ཡུལ་ཁོངས་ཅན་གྱི་ཏང་ཡོན་ཞབས་ཞུའི་ལྟེ་གནས་ལ་བརྟེན་ཆོག་ཅིང་།སྒོ་འབྱེད་ཅན་གྱི་འཚོ་བའི་རྩ་འཛུགས་སོགས་ཀྱ་ཐབས་ལམ་བརྒྱུད་དེ་ཏང་ཡོན་ཏང་ཡོན་རྣམས་སློབ་གསོའི་དགོངས་དོན་སློབ་སྦྱོང་བྱེད་པའི་རྩ་འཛུགས་བྱེད་དགོས།གནས་སྤོར་བྱས་པའི་ཏང་ཡོན་གྱི་ངོས་ནས་སྤོ་བྱའི་ཡུལ་དང་སྤོ་བྱེད་ཡུལ་གྱི་ཏ་རྩ་འཛུགས་ཀྱི་མཐུན་སྦྱོར་དང་རམ་འདེགས་ཐད་ལ་ཤུགས་སྣོན་བྱེད་དགོས།སྤོ་བྱའི་ཡུལ་གཙོར་འཛིན་པའི་རྩ་དོན་ལྟར་དུ་གནས་སྤོའི་ཏང་ཡོན་རྣམས་ཀྲི་པུའུ་གཅིག་ཏུ་བསྡུས་ཏེ་སློབ་གསོ་མྱོང་བར་སྟབས་བདེ་བཟོ་དག

1དྲ་རྒྱའི་ནུས་པ་འདོན་སྤེལ་བྱ་དགོས།ཏང་ཡོན་གྱི་སྣ་མང་ཅན་ལ་སློབ་སྦྱོང་བྱེད་པའི་དགོས་མཁོར་དམིགས་ཏེ་གུང་ཁྲན་ཏང་ཡོན་དྲ་རྒྱ་དང་ལག་འཕྲིན་ཚགས་པར།བརྙན་འཕྲིན་ཚན་བྱང་།འཕྲིན་ཕྲན་དབྱི་འཕྲིན་དང་རྒྱང་བཞུད་སློབ་གསོའི་སྟེགས་བུ་སོགས་བེད་གང་ལེགས་སྤྱོད་དགོས།གཟུགས་བརྙན་ཐད་མཐོང་དང་སྣ་མང་ཕུན་སུམ་ཚོགས་པའི་སློབ་སྦྱོང་ཐོན་ཁུངས་ཀྱི་བཟོ་སྐྲུན་གསར་སྦོལ་བྱས་ཏེ་དུས་ཐོག་ཏུ་སློབ་སྦྱོང་གི་ནང་དོན་སྐུར་ཐུབ་པར་བྱ་དགོས།ཏང་ཡོན་གྱི་དྲ་རྒྱའི་ལམ་ནས་རང་འགུལ་སློབ་སྦྱོང་དང་ཕན་ཚུན་འབྲེལ་འདྲིས་ལ་སྣེ་ཁྲིད་དེ་སློབ་གསོའི་སློབ་སྦྱོང་གི་ཁེབས་རྒྱ་ཇེ་ཆེར་གཏོང་དགོས།རིགས་སོ་སོའི་དྲ་རྒྱ་གཙིགས་སུ་སྤྱད་དེ་“གཉིས་སློབ་གཅིག་སྒྲུབ”ཀྱི་སློབ་གསོའི་སློབ་སྦྱོང་གི་བྱ་ཐབས་དང་གྲུབ་འབྲས་དྲིལ་བསྒྲགས་བྱ་དགོས།གླེང་ཕྱོགས་སྣེ་ཁྲིད་ལ་ཤུགས་བསྣན་ཏེ་ལེགས་པོའི་ཁོར་ཡུག་ཅིག་སྐྲུན་དགོས།

 

2སློབ་གཙོ་ཁྲིན་ཧྥུའུ་རོན་གྱིས་སློབ་ཁྲིད་སྡེ་ཁག་ལ་བརྟག་དཔྱད་ཞིབ་འཇུག་དཔྱིས་ཕྱིན་པ་སྤེལ་བ།ཟླ་༣པའི་ཚེས་༢༩ཉིན་ནས་༣༠ཉིན་ལ།སློབ་གཙོ་ཁྲིན་ཧྥུའུ་རོན་སློབ་གྲྭའི་གཞུང་ལས་ཁང་དང་།ཏང་ཨུ་རྩ་འཛུགས་པུའུ་

འགན་ཁུར་བས་ཕེབས་རོགས་ཞུས་ཏེ་མར་ཁི་སིའི་རིང་ལུགས་ཀྱི་སློབ་གླིང་དང་།རྒྱ་ཡིག་སྡེ་ཁགལོ་རྒྱུས་རིག་གནས་སྡེ་ཁག་དང་

བོད་ཡིག་སྡེ་ཁག་ལ་བརྟག་དཔྱད་ཞིབ་འཇུག་དཔྱིས་ཕྱིན་པ་སྤེལ།བརྟག་དཔྱད་ཞིབ་འཇུག་ཁྲོད་དུ།སློབ་གཙོ་ཁྲིན་ཡིས་སྡེ་ཁག་སོ་སོའི་མགོ་ཁྲིད་ཚན་ཁག་དང་བཞུགས་མོལ་བྱས་ཏེ་བྱ་བའི་གནས་ཚུལ་སྙན་སེང་ཞུས་པར་ཉན་པ་དང་།སྡེ་ཁག་སོ་སོར་སློབ་སྒྲུབ་བརྒྱུད་རིམ་ཁྲོད་གནས་པའི་དཀའ་ཁག་དང་དོགས་གནད་བཀྲོལ་བ་མ་ཟད་དེང་ཕྱིན་གྱི་བྱ་བར་བླང་བྱ་བཏོན།

3ཁྲིན་སློབ་གཙོས་མར་ཁེ་སི་རིང་ལུགས་སློབ་གླིང་དུ་བཤད་རྒྱུསྡེ་ཁག་ཕན་ཚུན་མཐུན་སྒྲིལ་བྱ་རྒྱུ་ནི་བྱ་བའི་རྩ་བ་ཡིན་པ་དང་།བྱ་བ་མཉམ་སྒྲུབ་དང་འཆམ་མཐུན་མཉམ་འབྲེལ་གྱི་ཚན་ཁག་འཛུགས་རྒྱུ་རྒྱུན་སྐྱོང་བྱས་ཏེ།ཁོས་སྤྱོད་ལྡན་གྱི་སློབ་མ་སྐྱོང་བའི་ཆ་རྐྱེན་མངོན་འགྱུར་བྱུང་ནི།གཞི་རྩའི་ལས་འགན་ཡིན་ཞེས་བཤད།སློབ་གྲྭ་ཡོངས་ཀྱི་བསམ་བློ་ཆབ་སྲིད་སློབ་ཐུན་གྱི་སློབ་ཁྲིད་ལས་འགན་འཁུར་བའི་ལས་ཁུངས་ཡིན་པས།དགེ་རྒན་གྱིས་ཐོག་མར་ཁ་དོན་མཚུངས་བའི་མི་ཀུན་སྤྱོད་ཅན་ཞིག་བྱས་ཏེ།སློབ་མར་མིག་དཔེ་སྟོན་དགོས།རྒྱ་ཡིག་སྡེ་ཁག་ཏུ་བཤད་རྒྱུ།རྒྱ་ཡིག་སྡེ་ཁག་ལ་རིག་གནས་ཀྱི་རྫོངས་ཐུག་པོ་ལྡན་པས།སྡེ་ཁག་གི་མགོ་ཁྲིད་ཚོགས་པས་ཆད་ལས་གོང་འཕེལ་གྱི་ལས་དོན་ལ་བསམ་བློ་ཞིབ་མོ་གཏོང་དགོས།དགེ་རྒན་གྱིས་སློབ་མ་སྐྱོང་བའི་ཕྱོགས་སུ་སྲོལ་རྒྱུན་བཟང་བོ་ཆགས་ཡོད།སྡེ་ཁག་དོ་དམ་དང་སློབ་ཁྲིད་སྒྲིག་རིམ་བཅས་ལ་མ་ལག་ཆ་ཚང་ཞིགཚགས་ཡོད།ཁོས་སློབ་ཆེན་སློབ་མས་མི་ཆོས་ཀུན་སྤྱོད་གསོ་སྐྱོང་ཁྲོད་དུ་མགོ་ཁྲིད་ཀྱི་ནུས་པ་ཐོན་དགོས་པའི་བླང་བྱ་བཏོན།མི་ཆོས་རིག་གནས་ཆེད་ཁྲིད་དང་ལེ་ཡོན་རྩོམ་རིག་སྡེ་ཁགཕུའུ་ཡེ་གཏམ་བརྗོད་ཟློས་གར་སྡེ་ཁག་སོགས་ཀྱི་སྟེགས་བུ་བཀོལ་སྤྱོད་བྱས་ཏེ།སློབ་གྲྭའི་མི་ཆོས་ཀུན་སྤྱོད་ཆུ་ཚད་མཐོ་རུ་འདེགས་དགོས།ལོ་རྒྱུས་རིག་གནས་སྡེ་ཁག་ཏུ་བསྟན་རྒྱུ།སྡེ་ཁག་གི་ཆད་ལས་འཛུགས་བསྐྲུན་ལ་དཔེ་མཚོན་རང་བཞིན་ལྡན་ཞིང་།སྲོལ་རྒྱུན་གྱི་དགེ་ཐོན་ཆེད་ལས་དང་ཉེར་སྤྱོད་རིགས་ཀྱི་ཆེད་ལས་ཕྱོགས་ལ་ཉམས་མྱོང་འདང་ངེས་ཤིག་བསགས་འདུགདེས་ཆེད་ལས་དུ་མ་མཉམ་བགྲོད་ཡར་སྤེལ་གྱི་ལམ་བུ་ཞིག་བཏོད་ཡོད།ཁོའི་རེ་བ་ལྟར་ན་སྡེ་ཁག་རིམ་པའི་མགོ་ཁྲིད་རྣམས་པའི་ལས་སྒྲུབ་ཀྱི་ངེས་ཤེས་སྔར་ལས་ཇེ་མཐོ་དང་ལས་འགན་འགན་བབས་དང་ལེན་གྱི་འདུ་ཤེས་ཤུགས་ཆེར་བཏང་ནས།ད་དུང་ཁོང་གིས་བོད་ཡིག་སྡེ་ཁག་ནས་བོད་ཡིག་སྡེ་ཁག་གི་རིག་ཚན་གྱི་ཁྱད་ཆོས་འབུར་དུ་དོད་ལ།བསླབས་ཁྲིད་རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས་གཡུར་ཏུ་ཟ་བ་ལོན།ལྷག་ཏུ་རིག་གཞུང་ཞིབ་འཇུག་ནི་སློབ་གྲྭ་ཡོངས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད་པ་བསྟན།ཁོའི་རྒྱ་བོད་སྐད་རིགས་གཉིས་ཀྱི་སློབ་ཁྲིད་བྱ་བར་དོ་དམ་ཆེན་པོ་བྱེད་པ་དང་།ནུས་ཤུགས་ཡོད་དགུས་རྩོམ་རིག་ཟློས་གར་ཆེད་ལས་འཛུགས་བསྐྲུན་བྱས་ཏེ།འཕྲེད་བརྒལ་རང་བཞིན་ལ་ཤུགས་བསྣན་ཞིང་།སྤྱི་ཚོགས་དང་ཁེ་ལས།ཚན་རིག་ཞིབ་འཇུག་ལས་ཁུངས་སོགས་དང་མཉམ་འབྲེལ་ཆེད་ལས་སྤེལ་ཏེ།སྟོབས་ཤུགས་ཡོད་གཅིག་བསྡུས་ཀྱིས་བསླབ་སྒྲུབ་ནུས་པ་མཐོར་འདེགས་གཏོང་བ།

4སློབ་གཙོ་ཁྲེན་གྱིས་ཞིབ་འཇུག་བརྟག་དཔྱད་ཁྲོད་ནན་གྱིས་བསྟན་དོན།གཅིག་ནས་དྲིལ་བསྒྲགས་བྱ་བར་མཐོང་ཆེན་བྱས་ཏེ་སྡེ་ཁག་དང་པུའུ་ཡིས་ཚན་ཞིབ་འགུལ་ཚུལ་ཆ་འཕྲིན་འགོད་པའི་སློབ་ཁྲིད་ལ་དམིགས་དགོས།དྲ་ངོས་དཀར་ཁུང་གི་བྱེད་ལས་ལེགས་སྤེལ་བྱ་དགོས།ཁྱད་ཆོས་འབུར་ཐོན་དང་གྲུབ་སྦྱོང་།ཐོན་རྟགས་གསར་བཟོ།གྲུབ་འབྲས་དེ་དྲིལ་བསྒྲགས་གང་ལེགས་བྱ་དགོས།གཉིས་ནས་སློབ་གསོའི་གྲུབ་འབྲས་གདེང་འཇོགས་སྲ་བརྟན་ཏུ་གཏོང་དགོས།གདེང་འཇོགས་སྐབས་ལ་གྲུབ་པའི་གོམས་སྲོལ་ལེགས་པོ་དེ་རྒྱུན་སྐྱོང་དང་།སྒུབ་ཐབས་ལེགས་པོ་དང་བྱེད་ཐབས་ལེགས་པོ་དེའི་རྒྱུན་སྐྱོང་དགོས།དོ་དམ་བྱེད་སྟངས་ལེགས་བཅོས་བྱས་ཏེ་ལོ་གཉིས་ནས་གསུམ་རིང་གི་འབད་འབུངས་བརྒྱུད་མཐར་སློབ་སྲོལ་ལེགས་པོ་ཞིག་གྲུབ་པར་བརྩོན་དགོས།གསུམ་ནས་བཅུ་གསུམ་ལྔའི་འཆར་གཞི་ལེགས་པར་བཀོད་དེ་མུ་མཐུད་དུ་འཆར་འགོད་ཀྱི་དག་བཅོས་བྱ་བའི་འཐུས་ཚང་ལ་འབད་དགོས།བེད་སྤྱོད་རིགས་ཀྱི་འཛུགས་སྐྲུན་ཆེད་ལས་ཐད་ཆ་ཚང་བའི་ཞིབ་འཇུག་དང་རྒྱུས་ལོན།ཚན་རིགས་ཀྱིས་གནས་གཏན་ཁེལ་བྱ་དགོས།བཞི་ནས་སློབ་ཆེན་སློབ་མའི་ལས་ལམ་གསར་འབྱེད་དང་ལས་ཞུགས་བྱ་བར་མཐོང་ཆེན།མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བའི་མཛུབ་སྟོན་ལ་ཤུགས་སྣོན་དགོས།ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་དང་ལས་ལམ་གསར་འབྱེད་ཀྱི་བགྲོད་ལམ་རྒྱ་ཆེར་གཏོང་དགོས།སློབ་མའི་བགྲོད་ལམ་ཇེ་ཡངས་སུ་གཏོང་བར་ཁག་ཐེག་བྱེད་པ་དང་དངོས་སྦྱོང་དང་ལས་ཞུགས་གཅིག་གཟུགས་ཅན་དུ་བསྒྱུར་དགོས།སློབ་མའི་ལས་ཞུགས་ཀྱི་འདུ་ཤེས་བར་སྟོང་ཇེ་ཆེར་གཏོང་བ་དང་ལས་ཞུགས་བསམ་བློ་བསྒྱུར་ཏེ་མིག་སྔར་ལས་ཞུགས་གྱི་རྣམ་པར་ཧུར་ཐག་སྒོས་འཚམ་པར་བྱེད་པ་དང་ལས་ཞུགས་གསར་བཟོ་སྐུལ་འདེད་གཏོང་དགོས།

 

关闭窗口
 
访问量人数:

 

甘肃民族师范学院  版权所有