藏学院
 学校首页  本站首页  学科建设  教学科研  师资队伍  党建工作  组织机构  藏学研究  藏族文化  规章制度 
党建工作
党建工作
您的位置: 本站首页>党建工作>正文
རང་རེའི་སློབ་གྲྭས་༢༠༡༦ལོའི་འགོ་ཁྲིད་སྡེ་ཁག་གི་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ།
2017-07-04 10:15  

         ཞིང་ཆེན་སྒྲིག་ཨུ་དང་ཞིང་ཆེན་རྩ་འཛུགས་པུའུ་ཡིས་༢༠༡༦ལོའི་ལོ་ཧྲིལ་བོའི་རྫོང་རིམ་པ་ཡན་གྱི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པའི་དམངས་གཙོའི་འཚོ་བའི་ཚོགས་འདུའི་བརྡ་ཐོའི་དགོངས་དོན་ལྟར། རང་རེའི་སློབ་གྲྭས་སྤྱི་ཟླ་༡པའི་ཚེས་༩ཉིན་ལ་༢༠༡༦ལོའི་ཏང་ཨུའི་སྡེ་ཁག་དང་འགོ་ཁྲིད་ལས་བྱེད་པའི་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས།    སློབ་གྲྭའི་འགོ་ཁྲིད་སྡེ་ཁག་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་རྒྱལ་ཡོངས་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ལས་དོན་ཚོགས་འདུའི་དགོངས་དོན་བརྗོད་གཞིར་བྱས་ནས། སློབ་གཉིས་སྒྲུབ་གཅིག་སློབ་སྦྱོང་སློབ་གསོའི་ནང་དོན་གཙིགས་སུ་བཟུང་ཞིང་།  དུས་བབ་གསར་པའི་འོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་དང་།  ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་གི་དགོངས་དོན་གཞིར་བཟུང་ནས། ཏང་ནང་ཁུལ་ནས་དབྱེ་ཞིབ་བྱས་ཤིང་། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་བྱ་འགུལ་སྤེལ་བ། སློབ་གྲྭའི་ཏང་ཨུ་ཧྲུའུ་ཅི་ལི་ཝེ་ཕེན་གྱིས་ཚོགས་འདུའི་འགོ་འཛིན་མཛད་ཅིང་། འགོ་གཙོའི་མི་སྣ་གཞན་དག་རྣམས་ཚོགས་འདུར་ཞུགས་ཤིང་སློབ་གྲྭའི་སྒྲིག་ཨུ་དང་སློབ་གྲྭའི་གཞུང་ལས་ཁང་། ཏང་ཨུའི་རྩ་འཛུགས་པུའུ། ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་འགན་འཛིན་པ་སོགས་ཐེངས་འདིའི་ཚོགས་འདུ་ལ་ཟུར་ཞུགས་བྱས།  ལི་ཝེ་ཕེན་གྱིས་དམངས་གཙོའི་འཚོ་བའི་ཚོགས་འདུའི་གྲ་སྒྲིག་གི་བྱ་བའི་སྙན་ཞུ་ཕུལ་ཅིང་།   འགོ་ཁྲིད་སྡེ་ཁག་གི་ཚབ་བྱས་ནས་ཆབ་སྲིད་བསམ་བློ་དང་སྒྲིག་ལམ།   ཀུན་སྤྱོད།    ནུས་པ་འདོན་སྤེལ་སོགས་ལག་བསྟར་བྱེད་པ་ཚད་ལྡན་ཡིན་མིན་ལ་ཞིབ་བཤེར་དང་དབྱེ་ཞིབ་བྱས།   བསམ་བློའི་ཡིད་ཆེས་དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས།   བསམ་པའི་སྤྱོད་སྟངས།   ཕྱོགས་ཡོངས་ནས་ཏང་སྲུང་སྐྱོང་བྱ་རྒྱུའི་འགན་འཁྲི་སོགས་ཀྱི་ཐད་ལ་ནུས་ཤུགས་མ་འདང་བའི་གནད་དོན་འགར་བཙལ་འཚོལ་དང་དག་ཐེར་བྱས་ཤིང་ཇི་ལྟར་བཅོས་སྒྲིག་བྱེད་རྒྱུའི་བསམ་ཕྱོགས་གཏོང་།  འགོ་ཁྲིད་མི་སྣ་རེ་རེས་བསྟུད་མར་རང་སྒེར་ནས་རང་སྐྱོན་རང་བརྗོད་ཀྱི་སྒོ་ནས་གཏམ་བཤད་ལྷུག་པོར་སྤེལ་བ་རེད།   ལི་ཝེ་ཕེན་གྱིས་བསྟན་དོན།  ཐེངས་འདིའི་འགོ་ཁྲིད་སྡེ་ཁག་གི་དམངས་གཙོའི་འཚོ་བའི་ཚོགས་འདུ་ནི་ཏང་གི་བརྗོད་བྱ་གཙོ་བོའི་བླང་བྱ་ལྟར་དུ་། ཚད་ལྡན་བཞི་གཙིགས་སུ་བཟུང་ནས་སྡེ་ཁག་དང་སྡེ་ཁག་མི་སྣས་གཟབ་ནན་དང་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་རང་སྐྱོན་རང་བརྗོད་ཀྱི་བྱ་འགུལ་ནན་མོར་སྤེལ་དགོས་པ་ཞེས་བཤད། 

关闭窗口
 
访问量人数:

 

甘肃民族师范学院  版权所有