藏学院
 学校首页  本站首页  学科建设  教学科研  师资队伍  党建工作  组织机构  藏学研究  藏族文化  规章制度 
党建工作
党建工作
您的位置: 本站首页>党建工作>正文
སློབ་གཙོ་ཁྲེན་ཧྥོ་རོང་དང་མཱ་ལེ་ཞི་ཡ་རྒྱལ་ཁབ་ཕྱི་འབྲེལ་གཞུང་དོན་ཁང་གི་ཀྲུའུ་རེན་སྐུ་ལྕམ་ལུའུ་རོང་གཉིས་ཀྱིས་སློབ་སྒྲུབ་མཉམ་ལས་ཕྱོགས་ལ་གྲོས་མོལ་བྱས་པ།
2017-07-04 10:23  

    སྤྱི་ཟླ་༥བའི་ཚེས་༡༡ཉིན་ལ་སློབ་གཙོ་ཁྲེན་ཧྥོ་རོང་གིས་པེ་ཅིན་ནས་མཱ་ལེ་ཞི་ཡའི་མངའ་ཁོངས་ཕྱིའི་གཞུང་ལས་ཁང་གི་ཀྲུའུ་རེན་སྐུ་ལྕམ་ལུའུ་རོང་དང་ཐུགས་འཕྲད་གནང་། ཁོང་རྣམ་པ་གཉིས་ཀྱིས་རང་རེའི་སློབ་གྲྭ་དང་མཱ་ལེ་ཞི་ཡའི་མཱ་ལེ་ཡ་སློབ་ཆེན་། བྱང་ཕྱོགས་སློབ་ཆེན། ཧྲ་པ་སློབ་ཆེན། པོ་ལཱ་ཐེ་སློབ་ཆེན་བཅས་གཞུང་བཙུགས་སློབ་ཆེན་བཞི་ལ་མཉམ་ལས་ཀྱི་སྒོ་ནས་སློབ་སྒྲུབ་ཀྱི་བྱ་བ་གཉེར་རྒྱུའི་དོན་དག་ལ་གྲོས་སྡུར་བྱས་མཐར། རང་རེའི་སློབ་གྲྭ་དང་མཱ་ལེ་ཞི་ཡའི་བྱང་ཕྱོགས་སློབ་ཆེན།  ཧྲ་པ་སློབ་ཆེན་བཅས་ཀྱི་དབར་ལ་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་ཅིང་མིང་རྟགས་བཀོད་པ་རེད།   ཕན་ཚུན་ལ་སློབ་རིན་མི་དགོས་པའི་སློབ་མ་སྤེལ་རེས་ཀྱི་རྣམ་གྲངས་དང་དགེ་རྒན་བར་ལ་ཕན་ཚུན་འཚམས་འདྲིའམ་མཉམ་མྱོང་སྤེལ་རེས་ཀྱི་བྱ་འགུལ། 2 + 2རྣམ་པ་ཅན་གྱི་རྒྱལ་སྤྱིའི་སློབ་གནས་བརྗེ་སྤོར་གྱི་བྱ་འགུལ། ཞིབ་འཇུག་སློབ་མ་གསོ་སྐྱོང་གི་བྱ་འགུལ། དབྱར་སྒར་ཡུལ་སྐོར་སློབ་སྦྱོང་བཅས་གྱི་བྱ་འགུལ་རྣམ་གྲངས་ལ་ཞིབ་ཕྲའི་ངང་གྲོས་བསྡུར་བྱས་ཤིང་རང་རེའི་སློབ་གྲྭ་ནས་མཱ་ལེ་ཞི་ཡའི་སློབ་གྲྭ་ཆེན་མོའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་རྟེན་གཞི་འཛུགས་པར་གྲོས་འཆམས་བྱུང་།  རྒྱལ་སྤྱིའི་མཉམ་ལས་དང་ཉམས་མྱོང་སྤེལ་རེས་ཁྲུའུ་ཡི་འགན་འཁུར་བ་ཐེངས་འདིའི་གྲོས་མོལ་ཚོགས་འདུ་ལ་ཞུགས།  སྐུ་ལྕམ་ལུའུ་རོང་གིས་མཱ་ལེ་ཞི་ཡའི་རྒྱལ་བཙུགས་སློབ་ཆེན་གྱི་གཞི་རྩའི་གནས་ཚུལ་དང་སློབ་སྒྲུབ་ཀྱི་གྲུབ་འབྲས།  རང་རྒྱལ་ནང་ཁུལ་གྱི་སློབ་ཆེན་གཞན་དག་ལ་མཉམ་ལས་སྤེལ་རེས་ཀྱི་སློབ་སྒྲུབ་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་ཤིང་།  རང་རེའི་སློབ་གྲྭ་དང་དངོས་སུ་སློབ་སྒྲུབ་མཉམ་ལས་བྱ་རྒྱའི་འདུན་པ་བསྟན།  ཁོང་མོས་བཤད་རྒྱུར།  ཕྱིན་ཆད་དགེ་རྒན་དཔུང་ཁག་གསོ་སྐྱོང་དང་སློབ་མ་ཕན་ཚུན་བརྗེ་རེས།  ཕན་ཚུན་གྱི་སྐར་གྲངས་ཁས་ལེན་བྱེད་པ་དང་ཚན་རིག་ཞིབ་འཇུག་གི་རྣམ་གྲངས་མཉམ་ལས་བྱ་རྒྱུ། རིག་གནས་ལུས་རྩལ་སྤེལ་རེས་སོགས་ཀྱི་ཁྱབ་ཁོངས་སོགས་གཏིང་ཟབ་པའི་ངང་མཉམ་ལས་བྱ་རྒྱུའི་རེ་བ་བསྟན། ཁྲེན་ཧྥོ་རོང་གིས་སྐུ་ལྕམ་ལུའུ་རོང་ལ་རང་རེའི་སློབ་གྲྭའི་ལོ་རྒྱུས་འབྱུང་ཁུངས་དང་།   རིག་ཚན་འཛུགས་སྐྲུན། ཚན་རིག་ཞིབ་འཇུག རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ཐད་ཀྱི་གནས་ཚུལ་སོགས་མཚམས་སྦྱོར་བྱས། ཁུལ་གཅིག་ལམ་གཅིག་གི་རྒྱབ་ལྗོངས་ཆེན་པོའི་འོག་མཱ་ལེ་ཞི་ཡའི་གཞུང་བཙུགས་སློབ་ཆེན་དང་མཉམ་ལས་བྱེད་པའི་ཤུགས་ཆེ་རུ་གཏོང་བ།   སྤེལ་རེས་དང་མཉམ་ལས་བྱས་པ་བརྒྱུད། རིག་གཞུང་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་དང་།  རིག་གནས་བརྒྱུད་སྤེལ་དང་སློབ་གྲྭའི་སློབ་གཉེར་གྱི་ནུས་པ་མཐོར་འདེགས་དང་རྒྱལ་སྤྱིའི་སྙན་གྲགས་ཆེ་རུ་གཏོང་བ་སོགས་ཀྱི་དགོངས་འཆར་ལྷུག་པོར་གནངས་པ་རེད། 

关闭窗口
 
访问量人数:

 

甘肃民族师范学院  版权所有