藏学院
 学校首页  本站首页  学科建设  教学科研  师资队伍  党建工作  组织机构  藏学研究  藏族文化  规章制度 
藏学研究
藏学研究
您的位置: 本站首页>藏学研究>正文
ཨ་མདོའི་མངའ་ཁོངས་ལ་འབྲེལ་བའི་ས་མིང་འགའ་ཞིག་གི་དཔྱད་བ།
2016-07-22 17:02  

ཡུལ་ཁམས་ཤིག་གི་ས་མིང་དུ་གྱུར་པའི་ཐ་སྙད་དེ་དག་བྱུང་བ་དང་བཀོལ་སོད་བེད་པའི་གོ་རིམ་རིང་མོ་ཞིག་བརྒྱུད་ཡོད་པ་དང་། དེ་ལ་བརེན་ནས་ཕན་ཚུན་ལ་འབེལ་འདིས་བེད་པ་ཞིག་རེད།དཔེར་ན། ཨ་མདོ་དང་དབུས་ཕོགས་ཀི་མི་གཉིས་ཐོག་མར་འཕྲད་དུས། ཨ་མདོ་བས་ཁེད་ཉིད་ཡུལ་གང་གི་ཡིན་ཞེས་འདི་དགོས་ལ།མི་དེས་ཀང་ངེས་པར་དུ་ཡུལ་ཁམས་ངེས་ཅན་མཚོན་པའི་ཐ་སྙད་ཅིག་ལ་བརེན་ནས་རང་ཉིད་ཡུལ་གང་གི་ཡིན་ཚུལ་བརོད་དགོས་པས།ང་རང་དབུས་ནས་ཡིན་ཞེས་ལན་འདེབས་དགོས་པ་བཞིན། དབུས་པ་ཞིག་གིས་ཨ་མདོ་བར་དིས་ན་ཡང་དེ་བཞིན་ལན་འདེབས་དགོས་སོ།།ཡུལ་ངེས་ཅན་མཚོན་པའི་ཐ་སྙད་དེ་དག་ཐོན་སེད་འཚོ་བའི་ཁོད་དུ་མེད་མི་རུང་བ་དང་།སི་ཚོགས་ཀི་དཔལ་འབོར་སེལ་བ་དང་། རིག་གནས་བརེ་རེས་བེད་པ། ས་ངོ་སོད་པ་སོགས་ལ་འབེལ་བ་དམ་པོ་ཡོད་པས།གཤམ་དུ་ཨ་མདོས་མཚོན་པའི་ཐ་སྙད་འགར་འགེལ་བཤད་ཅུང་ཙམ་བའོ། །

དང་བོ། ཨ་མདོ།

ཨ་མདོ་ཞེས་པའི་ཐ་སྙད་འདི་ལ་འགེལ་ཚུལ་གཉིས་བྱུང་བའི་ཁུངས་ནི་《མདོ་སྨད་ཆོས་འབྱུང་》དང་《དེབ་དཀར》གཉིས་ཡིན། དེ་ཡང་《མདོ་སྨད་ཆོས་འབྱུང་》གི་ནང་དུ་“ཨ་ཆེན་གངས་རྒྱབ་ཀི་རི་དང་མདོ་ལ་རིང་མོ་གཉིས་ཀི་མིང་བསོམས་པས་དེའི་མན་ཆད་ལ་ཨ་མདོ་ཟེར་”ཞེས་དང་།《དེབ་དཀར་》དུ་“མདོ་བ་བ་འདིའི་སོན་འཇུག་དག་པར་ཀོག་པའི་དབང་གིས་ཨ་སྒྲ་ཞིག་རང་བཞིན་གིས་བྱུང་བ་ཡིན་”ཞེས་པའི་འདོད་ཚུལ་གཉིས་བྱུང་ཡོད།འགེལ་སྟངས་མི་གཅིག་པའི་འདོད་ཚུལ་གཉིས་ཀ་འགལ་བའི་ཚུལ་དུ་ཡོད་ཀང་།ཁོ་བོས་བལྟས་ན། ཨ་མདོ་བ་བའི་ཐ་སྙད་དེ་རོད་མེད་ཀི་ས་མིང་ཞིག་ཡིན་པ་ཁས་ལེན་བས་ཡོད་པས།འགེལ་སྟངས་མི་གཅིག་པའི་ཚུལ་དེ་ལ་ལྟ་ཚུལ་བརོད་བདེ་བ་ཞིག་རེད། སིར་ཐ་སྙད་དུ་གྱུར་པ་ཞིག་ཡིན་ཕིན། དངོས་པོའི་རང་མཚན་ནམ་སི་མཚན་གང་རུང་མཚོན་པའི་ཐ་སྙད་ཅིག་ཡིན་དགོས།དེ་གཉིས་ཀི་གང་རུང་ཞིག་མཚོན་པ་མིན་ན། ཐ་སྙད་ཀི་ནུས་པའང་རང་ཤུགས་སུ་ཤོར་བ་ཡིན་པས།ཕན་ཚུན་ལ་བརྡ་སོད་པའི་དོན་བེད་མི་ནུས། ཨ་མདོ་ཞེས་པའི་ཐ་སྙད་འདིས་བརྡ་སོད་པའི་ནུས་པ་ནི་རྒྱ་ཁོན་ངེས་ཅན་ཞིག་དང་།ཡུལ་ཁམས་གཞན་དང་མ་འདེས་པའི་ཁད་པར་ལྡན་ལ། རགས་མཚམས་ཀི་དབེ་བ་གསལ་བའི་རང་མཚན་ཅན་གི་ཡུལ་ངེས་ཅན་སྟོན་པའི་ནུས་པ་ཐོན་པ་དེ་རེད། དེས་ན་ཨ་མདོ་ཞེས་པའི་ཨ་སྒྲ་དེ་ནི་རང་བཞིན་གིས་བྱུང་བ་ཞིག་དང་གོ་དོན་མེད་པ་ཞིག་མིན་པར།རང་མཚན་ངེས་ཅན་ལྡན་པའི་གོ་དོན་ཅན་གི་ཐ་སྙད་ཅིག་ཡིན་པ་ཤེས་ཐུབ།དེ་ལྟར་མ་ཡིན་པར་《དེབ་དཀར་》རྒྱུ་མཚན་དུ་བཟུང་སྟེ།སྒྲ་གདངས་འབྱུང་སྟངས་ཀི་ཆ་ནས་ཨ་སྒྲ་ལ་འགེལ་བ་བས་ན།རང་མཚན་སྟོན་པའི་ཐ་སྙད་ཀིས་བརྡ་སོད་པའི་ནུས་པ་ཤོར་འགོ་བས། འདོད་ཚུལ་ས་མ་དེ་རྒྱུ་མཚན་ཆེ་བར་མཐོང་། དེ་ཡང་ཐོག་མར་ཨ་ཆེན་གངས་རྒྱབ་གནས་སའི་ཡུལ་གི་སྟེང་ནས་ཤེས་དགོས་ཏེ།《མདོ་སྨད་ཆོས་འབྱུང་》དུ་“འབི་ཆུ་སེ་བོ་ལུང་རིང་བརྒལ་བའི་བ་ཡན་ཧ་རིའི་ཤར་ངོས་ཨ་ཆེན་གངས་རྒྱབ་ཀི་རི་”ཞེས་གནས་ཡུལ་གཏན་འབེབས་བས་ཡོད་པ་ལྟར། སེ་བོ་ལུང་རིང་ནི་འབི་ཆུ་འབབ་ཡུལ་དངོས་ལ་ངོས་འཛིན་དགོས་ཤིང་།བ་ཡན་ཧ་རི་ཞེས་པ་སོག་པོའི་སྐད་ཀིས་བཏགས་མིང་ཞིག་ཡིན་ལ།དོན་འགེལ་བས་ན་ཕུན་སུམ་ཚོགས་པའི་རི་བོར་གོ། བོད་སྐད་དུ་དེ་ལ་ཁ་ལ་རི་བོ་ཞེས་པའི་འབོད་སོལ་ལོ་ངོ་བརྒྱ་ཕྲག་མང་པོའི་སོན་ནས་དར་ཡོད་ལ།མགོ་ལོག་དང་ཡུལ་ཤུལ་ས་ཁུལ་གི་དམངས་ཁོད་དུ་དེ་ལ་ཁ་ལ་རི་བོ་ཞེས་འབོད་དགོས་པ་ཡང་གིང་ཡུལ་སི་དཔོན་ཁ་རྒན་གིས་བཟུང་བའི་ས་ཆ་ཡིན་པའི་རྒྱུ་མཚན་ཅན་གི་ཁུངས་ལུང་མང་པོ་ས་ཁབ་རྡོ་ཁབ་ཏུ་སོང་ཡོད་པར་མ་ཟད། ད་ལྟའང་ས་དེར་རྒྱུས་ཡོད་པ་རྣམས་ཁ་ལ་རི་བོའིའདབས་རོལ་དུ་སེབས་ཚེ།མཐའ་ཡས་པའི་རྩྭ་ཐང་ཆེན་པོར་ཁ་ཁོག་རིང་མོ་ཞེསབརོད་ཅིང་།ཁ་ལ་རི་བོའི་རི་རར་ཐོན་དུས། ཁ་སྟོད་ནམ་མཁའ་ལངས་འད་ཞེས་རང་སེམས་སོ་བའི་ཚུལ་གིས་སྒྲུང་ཚིག་རེ་སོར་བར་བེད།ཁ་ལ་རི་བོའི་རི་རྒྱུད་དེ་ཡར་དེད་ན་ཨ་ཆེན་གངས་རྒྱབ་དང་འབེལ་ཡོད། མདོ་སྨད་ཆོས་འབྱུང་དུ་ཁ་ལ་རི་བོའི་ཤར་ངོས་སུ་བཤད་པ་ནི་ཨ་ཆེན་གངས་རྒྱབ་ཀི་ཡན་ལག་ཙམ་ལ་གོ་བར་བ།གོར་མོ་གོང་ཁེར་ནས་བོད་ལོངས་ལྷ་སར་སོད་པའི་ལམ་ནས་བལྟས་ན།གངས་རི་དེའི་མཛེས་སྡུག་ལྡན་པའི་བརིད་ཉམས་མངོན་སུམ་དུ་མཐོང་ཐུབ།《བོད་རྒྱ་ཚིག་མཛོད་ཆེན་མོའི་》ནང་དུ། ཨ་ཆེན་གངས་རྒྱབ་དང་རྨ་ཆེན་གངས་རི་གཉིས་གཅིག་ཡིན་པའི་ངོས་འཛིན་བས་ཡོད་པ་དེ་ནི་ཆེས་ཆེ་བའི་ནོར་འཁྲུལ་ཞིག་ཡིན་པ་ནི།མདོ་སྨད་ཆོས་འབྱུང་སོགས་ལས་ཤེས་ཐུབ་ལ། རྨ་ཆུ་སོན་མོའི་འབྱུང་ཡུལ་དེ་ཡང་རྨ་ཆེན་གངས་རི་ནས་མིན་པར་དེ་ལས་སྟོད་ཕོགས་སུ་གྱུར་པའི་ཡུལ་ནས་ཐོན་ཚུལ་དངོས་པོའི་སྟོབས་ཤུགས་ཀིས་བསྒྲུབ་པར་ནུས་སོ།། ཨ་ཆེན་གངས་རྒྱབ་དང་འདབས་འབེལ་བའི་ཁ་ལ་རི་བོ་ནི་རི་རྒྱུད་ཧ་ཅང་རིང་མོ་ཞིག་ཡིན་པས།སྟོད་ཨ་ཆེན་གངས་རྒྱབ་ནས་སྨད་ཟི་ཁོན་ཞིང་ཆེན་གི་རྒྱལ་མོ་དར་རེ་མདོ་ལ་ཐུག་གི་བར་དུ་གཡུ་འབྲུག་སོན་མོ་ས་ལ་འཁྱུག་པ་བཞིན་དུ་གནས་ཡོད། ང་ཚོས་ཨ་མདོ་ཞེས་ཨ་ཆེན་གངས་རྒྱབ་ཀི་མིང་གི་ཟུར་ཙམ་གེང་དུས།ཨ་ཆེན་གངས་རྒྱབ་ཙམ་མིན་པར་ཁ་ལ་རི་བོའི་རི་རྒྱུད་ཀང་བསྟན་ཡོད་པར་གོ་དགོས་པ་དང་། རི་རྒྱུད་དེ་མདོ་དབུས་ཁམས་གསུམ་དུ་ཕེ་བའི་ནང་ཚན་ཨ་མདོ་ཡུལ་གི་ནུབ་མཐའ་ལ་གཏོགས་པ་དང་། མདོ་ཁམས་སྒང་དྲུག་གི་དབང་དུ་བས་ན།འབི་རྫ་ཟལ་མོ་སྒང་ཞེས་བརོད་ཀང་རུང་ངོ་།། རི་རྒྱུད་དེའི་ནུབ་ངོས་ཁམས་ཕོགས་སུ་གཏོགས་པ་དང་ཤར་ངོས་ཨ་མདོའི་ཡུལ་ཁམས་སུ་གཏོགས།ལྷག་པར་དུ་རི་རྒྱུད་དེའི་སྨད་ཕོགས་སུ་གྱུར་བའི་ཁམས་དང་ཨ་མདོ་གཉིས་ཀི་དབེ་མཚམས་ཀི་སྐོར་གསལ་བོར་འཁོད་པ་ནི་《འཛམ་གིང་སི་བཤད་》ཡིན་སྣང་སྟེ། དེ་ལས་“རི་དགོན་པ་དང་། བག་མགོ་དགོན་པ་དང་།ར་བོ་ཉ་ཚོ་དགོན་དང་། རྫ་དགོན་གསར་སོགས་དགེ་ལུགས་པའི་གྲྭ་ཚང་ཆེན་པོ་མང་པོ་ཡོད། དེ་དག་ནས་ཤར་དུ་སྟོང་སྐོར་ཟེར་བའི་སེ་ཡོད་པ་དེ་འདས་པ་ན།མདོ་སྨད་ཨ་མདོའི་ས་ཆར་སེབས་ཡོད།”ཅེས་པའི་དབེ་མཚམས་ཀང་མཛད་ཡོད་ལ།དབེ་མཚམས་དེ་ལ་བརེན་པའི་ཕལ་སྐད་དམ་ཡུལ་སྐད་ཀི་ཁད་པར་ཡང་མངོན་གསལ་ཡིན། དེ་འདའི་ས་ཁུལ་གི་དབེ་མཚམས་ངེས་ཅན་མཚོན་པའི་རི་རྒྱུད་རིང་མོའི་སྟོད་ཕོགས་སུ་གནས་པའི་ཨ་ཆེན་གངས་རྒྱབ་ཀི་མིང་གི་ཟུར་གཅིག་བཟུང་སྟེ་ཐ་སྙད་གྲུབ་པ་ལ་ནུས་པ་ཅི་ཙམ་ཐོན་ཡོད་པ་ཧ་ཅང་གསལ་བས།ཨ་མདོ་ཞེས་པའི་ཨ་སྒྲ་དེ་ལ་དགེ་ཆོས་ལྟར་སྒྲ་འབིན་སྟངས་ཀིས་འགེལ་མི་རུང་བ་ཤེས་སའོ།།དེ་བཞིན་དུ་མདོ་བ་བ་དེ་ཡང་མདོ་ལ་རིང་མོའི་མིང་གི་ཟུར་གཅིག་ཡིན་པར་མ་ཟད།དེས་མདོ་སྨད་ཀི་བང་མཐར་གྱུར་པའི་རགས་མཚན་ངེས་ཅན་ཞིག་ལྡན་པའི་ཆ་ནས་དེ་ལྟར་བརོད་པ་ཞིག་ཡིན་ལ།དེ་ཡང་གཙོ་ཆེ་བའི་དབང་དུ་བས་པ་ཡིན་གི།མཐའ་གཅིག་ཏུ་ཐིགས་སྐུད་འཐེན་པ་བཞིན་དུ་དབེ་མཚམས་བཅད་པ་ཞིག་མིན་པ་ནི་ལྟོས་གྲུབ་ཀི་རི་རྒྱུད་དེའི་ཆགས་དབིབས་ལས་ཀང་ཤེས་ཐུབ་པ་དང་། བོད་ཀི་ཆབ་སིད་སྟོབས་ཤུགས་རྒྱས་པའི་དུས་སུ་མདོ་ལ་རིང་མོ་ལས་ཀང་བརྒལ་ཏེ།ཏུན་ཧོང་ས་ཆ་ལྟེ་བར་གྱུར་པའི་ཡུལ་ཁམས་ཆེན་པོ་ལོ་ངོ་དྲུག་ཅུ་ནས་བདུན་ཅུ་ལྷག་ཏུ་བཟུང་།དེ་ཡང་ཤར་ལྷོ་གཉིས་ཀི་ཡུལ་ཁམས་རྣམས་རྒྱ་ནག་ཆེན་པོའི་ཡུལ་དང་འདབས་འབེལ་བས། སོ་སོའི་དར་རྒུད་ལ་བརེན་ནས་མངའ་ཁོངས་ཀི་ཚད་ཐག་གཅོད་བེད་པ་ཞིག་རེད།ཡིན་ན་ཡང་། ལོ་རྒྱུས་ནི་དངོས་གཙོ་ཞིག་ཡིན་པ་ལས།རོག་བཟོ་བས་པ་ཞིག་མིན་པས། སུས་ཀང་རང་དགར་དཀོག་མི་ཉན། བོད་བཙན་པོའི་དུས་རབས་སུ། སོ་སོར་བདག་དབང་གི་མངའ་ཁོངས་ལྡན་པས།ས་མཚམས་ཀི་དབེ་བའང་གཅིག་མིན་དུ་མར་མཛད་དགོས་བྱུང་། དེ་དག་ལས་ཅུང་ཙམ་ཡིད་བརན་འཕེར་བ་ནི་《ཐང་ཡིག་གསར་རིང་》བོད་ཡིག་མ་ལས་གསལ་བའི་ཆིན་ཧོས་མཇལ་དུམ་ཞེས་པ་དེ་རེད། མཇལ་དུམ་མཛད་པའི་དུས་ནི་སི་ལོ783ལོ་ཡིན་ལ། ཡུལ་གི་དབེ་མཚམས་ནི་“ལན་ཀིག་(兰州)དང་ཝེ་ཀིག་(渭州)དང་། ཡོན་ཀིག་(原州ཉིན་ཞཱའི་ཀོའི་ཡོན་ཞན)། ཧོ་ཀིག་(会州ཉིན་ཞཱའི་ཀྲུང་བེའུ་ཞན)བཅས་དང་།ནུབ་ཏུ་ལིན་ཐའོ། ཤར་ཁིན་ཀིག་(成州ཀན་སུའུ་ཁིན་ཞན)ནས་ཅན་ནན་བར།ནུབ་ཏུ་མོ་ཞེ་(ཁམས་མ་སོའི་/སྒྲིག་པ་བོའི་མཆན།)རྒྱུད་ཀི་འཇང་བ་ཁག་རྣམས་ཡོད་པ་དང་། ཆུ་བོ་ཏ་ཏུའུ་ཧོས་(大渡河)ནུབ་རྒྱུད་དུ་ཡིན་”ཞེས་འཁོད་ཡོད་པ་ལྟར་ཏུ①།①ས་མིང་དེ་དག་ད་ལྟའི་ས་མིང་དང་སྦྱར་བ་ནི་དཀོན་མཆོག་ཚེ་བརྟན་གིས་མཛད་པའི་《དབོན་ཞང་རོ་རིང་དང་ཐང་བོད་བར་གི་འབེལ་བ་》ཞེས་པ་ལས་བཤུས།ཆུ་བོ་ཏ་ཏུའུ་ཧོས་ཏེ་རྒྱལ་མོ་རྔུལ་ཆུའི་ནུབ་ཕོགས་ནས་བཟུང་སྟེ་ཉིན་ཞཱའི་ཀོའུ་ཡོན་ཞན་ནས་ལན་ཀིག་བར་ཡོངས་སུ་རྫོགས་པ་ཡང་དག་པར་ཆེན་པོ་བོད་ཀི་ཡུལ་ཡིན་པ་ཐག་གིས་བཅད་པ་དེ་ལས།ཨ་མདོའི་ཤར་ལྷོའི་ཡུལ་གི་རྒྱ་ཁོན་ཅི་ཙམ་ཡིན་པའི་དབེ་མཚམས་ཅུང་ཙམ་ངེས་ཐུབ་བོ། །ཡུལ་འདིར་མདོ་སྨད་དང་ཨ་མདོ་ཞེས་པའི་འབི་ལུགས་མི་གཅིག་པའི་ཐ་སྙད་གཉིས་བྱུང་བའི་ས་མ་ནི་བོད་ཁམས་སིའི་ཆ་ནས་སྨད་ཕོགས་ཏེ་མདོ་ལ་རིང་མོ་ཡོད་ས་ཡིན་པས་དེ་ལྟར་བརོད་ལ།ཡུལ་དེའི་ནུབ་བང་གི་ས་མཚམས་གཙོར་བས་ཏེ་ཡུལ་རང་མཚན་པ་འདི་གོ་བེད་དུ་ཨ་མདོ་ཞེས་གྲུབ་པས། དེ་གཉིས་ཀའང་དོན་གཅིག་མིང་གི་རྣམ་གངས་སུ་འདོད་པར་བ་ལ།《ཐང་ཡིག་སེ་ལྔའི་》ནང་ཚན་ལྷ་འདེ་ཐང་ཡིག་ཏུ་ཨ་མདོའི་ཡུལ་ལ་“ཁམས་”ཞེས་འབི་ལུགས་ཀང་སྣང་སྟེ།མཚོ་སོན་པོའི་གནས་ཡུལ་བརོད་པའི་དུས་སུ།“བོད་ཀི་ཁི་ཤོར་རྒྱལ་མོའི་མཚོ་ཆེན་དེ།བང་ཕོགས་ཁམས་ཀི་གཡར་མོ་ཐང་དུ་ཡོད་”ཅེས་བིས་ཡོད་པས།སྐབས་འདི་དག་ལ་མཚོན་ན། ཁམས་དང་ཨ་མདོ་དོན་གཅིག་མིང་གི་རྣམ་གངས་སུ་སོང་བ་ཡང་ཨ་མདོའི་ཡུལ་འདི་ཡུལ་དབུས་ལྷ་ས་དང་ཁད་རིང་བས་དེ་ལྟར་བརོད་པར་ངེས། འདི་དང་“མདོ་ཁམས་”ཞེས་པ་གཉིས་ལ་བསྟན་དོན་གི་ཆ་ནས་ཁབ་ཆེ་ཆུང་ཡོད་པས་གཅིག་ཏུ་འཁྲུལ་མི་རུང་སྟེ།དབུས་གཙང་ཡུལ་ལ་ལྟོས་ཏེ་ཁམས་ཕོགས་དང་ཨ་མདོ་གཉིས་ཀི་མིང་བསོམས་པས་བང་ཤར་གི་ཡུལ་བིངས་ལ་མདོ་ཁམས་ཞེས་པ་ལས།ཁམས་དང་ཨ་མདོ་གཅིག་ཏུ་བས་པའི་ཡུལ་བིངས་ལ་“ཁམས་”མི་ཟེར་བ་ནི་ཁམས་པ་བ་དང་། ཨ་མདོ་བ་ཞེས་པས་ཀང་རོགས་ནུས། དེ་མ་ཟད་མདོ་ཁམས་ཞེས་པའི་མིང་འདི་ཐོག་མར་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཕེ་བ་ལས་བྱུང་བ་ཡིན་པས་ཀང་ཤེས་སོ། །སིར་ན་“ཁམས་”ཞེས་པའི་གོ་དོན་ནི་སྐབས་བབ་ཀི་ཚིག་ངོས་ལ་བསྟུན་ནས་སོ་སོར་ངོས་འཛིན་རུང་བ་ཞིག་སྟེ།མདོ་ཁམས་གཉིས་སུ་ཕེས་པའི་ཁམས་ནི་ཁམས་ཕོགས་ཀི་ཡུལ་ལ་གོ་དགོས་པ་དང་།ཁམས་ཀི་གཡེར་མོ་ཐང་ཞེས་པའི་ཁམས་ནི་ཡུལ་དབུས་ལྷ་ས་དང་ཁད་རིང་བའི་དོན་ལ་འཇུག། མདོ་སྨད་ཁམས་ཀི་ཆུ་བོ་ཞིག་ཟེར་དུས།མངའ་ཁོངས་གང་དུ་གཏོགས་ཚུལ་བསྟན་པ་དང་། སྨར་ཁམས་དང་བདེ་ཁམས་སོགས་ནི་ཡུལ་བེ་བག་པ་སྟོན་པ་སོགས་དོན་གི་རྣམ་གངས་མང་པོར་འཇུག་པས།མཁེན་ལྡན་རྣམས་ཀིས་གཟབ་པར་འཚལ།

གཉིས་པ། ཨ་མདོ་དང་ཙོང་ཁ་བདྲེ་ཁམས།

ཨ་མདོའི་ཡུལ་ལ་གནའ་བོའི་དུས་སུ་མིང་ཇི་ལྟར་འབོད་པའི་སྐོར་ལ།《དེབ་དཀར་》དུ་“ཨ་མདོའི་ཡུལ་སི་ལ་ས་མོའི་དུས་ནས་ཙོང་ཁ་བདེ་ཁམས་སུ་གགས་”ཞེས་བཀོད་ཡོད། དེ་ལས་ས་མོའི་དུས་ཞེས་པའི་དུས་དེ་ནམ་ཞིག་ལ་ངོས་འཛིན་དགོས་པ་མི་ཤེས་མོད། ཕལ་ཆེར་བོད་ཀི་ཡི་གེ་བྱུང་བའི་རེས་སུ་ངོས་འཛིན་དགོས་པར་སྣང་།དཔེར་ན། ཙོང་ཁ་ཞེས་པའི་མིང་དེ་ནམ་བྱུང་གི་དཔང་པོར་རེ་ཞོལ་གི་རྡོ་རིང་བཞག་པ་ལས་རོགས་ནུས།དེས་ན་《དེབ་དཀར་》གིས་ཨ་མདོ་དང་ཙོང་ཁ་བདེ་ཁམས་གཉིས་གོ་དོན་གཅིག་པའི་མིང་གཉིས་ཡིན་པ་ཁས་བླངས་པར་མ་ཟད།ཙོང་ཁ་བདེ་ཁམས་ཞེས་པའི་མིང་འདི་ཨ་མདོ་ལས་ཀང་ས་བའི་དུས་སུ་ཨ་མདོའི་ཡུལ་སི་ལ་ཁབ་པའི་མིང་ཞིག་ཡིན་པའི་ལྟ་ཚུལ་བཟུང་ཡོད་པ་གསལ།སིར་བོད་ཀི་མིང་འདོགས་ལུགས་སུ་ཡུལ་བེ་བག་པའི་མིང་དེ་ཁེར་ནས་ཡུལ་ཁམས་ཆེན་པོའི་མིང་དུ་བསྒྱུར་བའམ་འགྱུར་སོལ་ཡོད་པ་ལྟར།ཙོང་ཁ་བདེ་ཁམས་ཞེས་པའི་ཡུལ་བེ་བག་པའི་མིང་འདི་ཡང་ཨ་མདོའི་ཡུལ་སི་ལ་གོ་བ་ཞིག་ཡིན་ཟེར་ན་ཡིད་ཆེས་འབྱུང་དཀའ་བས།ངེས་པར་དུ་ཁུངས་ལྡན་གི་ཡིག་ཚངས་ས་བ་རྣམས་ལ་བརེན་ནས་ཤེས་པ་བེད་དགོས།ཁུངས་ལྡན་གི་ཡིག་ཚངས་མེད་ན་རྒན་པོའི་ངག་རྒྱུན་ཙམ་དུ་ཟད་པས་ཡིད་བརན་འཕེར་མི་ཐུབ། དེས་ན་བོད་ཀི་ཡིག་ཚངས་ལ་ས་བ་ནི་གནའ་བོའི་རྡོ་རིང་ཁག་དང་།ཏུན་ཧོང་ནས་ཐོན་པའི་ཡི་གེ། བོད་ཀི་རྒྱལ་རབས་ས་ཤོས་རྣམས་ཡིན། རྡོ་རིང་ཁག་གི་ཁོད་དུ་ཙོང་ཁའི་སྐོར་ཅུང་ཙམ་ཡོད་པ་ནི་ཞོལ་རྡོ་རིང་ཡིན་ལ།དེའི་ངོས་སུ་སྐབས་ཤིག་གི་རིང་ལ་བོད་ཀི་ས་ཆ་རྒྱ་དམག་གིས་བཟུང་བ་རྣམས་ཕིར་བླངས་པའི་ལོ་རྒྱུས་བརོད་པའི་དུས་སུ་ཙོང་ཁ་ཞེས་པའི་མིང་འདི་བྱུང་བ་ཙམ་ལས། ཙོང་ཁ་བདེ་ཁམས་ཞེས་པའི་མིང་འདི་བྱུང་མེད་ལ།འདི་དང་ཨ་མདོ་གཉིས་ཀི་གོ་དོན་གཅིག་པའི་སྒྲུབ་བེད་དུ་འགོ་བ་ཞིག་ཀང་མཐོང་རྒྱུ་མེད།བོད་ཀི་རྒྱལ་རབས་ལ་ས་ཤོས་སུ་གྱུར་པ་དང་ཏུན་ཧོང་གཏེར་ཡིག་ལས་ཀང་དེ་འདའི་ཚབ་མཚོན་གི་མིང་བྱུང་མེད་པ་མ་ཟད། ཨ་མདོ་ཞེས་པའི་མིང་འདི་ཡང་བྱུང་མེད་པས།ས་མོའི་དུས་སུ་ཨ་མདོ་ཡུལ་ལ་ཙོང་ཁ་བདེ་ཁམས་སུ་འབོད་པའི་གཏམ་ཡང་ཁུངས་ཐུབ་མིན་པ་ཤེས་ཐུབ།འོ་ན། ས་མོའི་དུས་སུ་ཨ་མདོའི་ཡུལ་ལ་མིང་ཇི་ལྟར་འབོད་ཅེ་ན། ས་མོའི་དུས་སུ་མངོ་སྨད་ཅེས་འབོད་པར་སྣང་།《ཏུན་ཧོང་གཏེར་ཡིག་》གི་དོན་ཆེན་གནད་བསྡུས་ཞེས་པའི་ཚན་པ་དེའི་ནང་དུ། མདོ་སྨད་ཅེས་པའི་ཐ་སྙད་བཞི་བཅུ་ཙམ་ས་རེས་སུ་བྱུང་བ་དང་།དེ་ལས་བློན་ཁི་འབིང་གིས་ཙོང་ཁ་ཆེ་ཆུང་དུ་དམག་དངས་པའི་གནས་ཚུལ་མ་བྱུང་གོང་གི་ལོ་ཚིགས་གཉིས་ཀི་ནང་དུ་“མདོ་སྨད་དུ་ཀམ་ཁི་བཟང་བེ་འདའ་ཐོང་མིས་བཀུམ་སྟེ་ཤ་གཉེར་ཕར་ལོ་གཆིག་”ཅེས་དང་“མདོ་སྨད་ཀི་དགུན་འདུན་རྒྱམ་ཤི་གར་དུ་འདུསྟེ་”ཞེས་མདོ་སྨད་ཅེས་པའི་ཐ་སྙད་འདི་ཐེངས་གཉིས་ལ་བྱུང་བའི་ས་མ་ནི་སི་ལོ་དྲུག་བརྒྱ་ང་གསུམ་ལོའི་ལོ་ཚིགས་སུ་གསལ་བ་དང་།རེས་མ་ནི་སི་ལོ་བདུན་བརྒྱ་དང་བདུན་ལོའི་ལོ་ཚིགས་སུ་གསལ་བས།མདོ་སྨད་ཅེས་པའི་ཐ་སྙད་འདི་ཡིག་ཐོག་ཏུ་ཕབ་ནས་མ་མཐའ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་འགོར་ཡོད་པ་གདོན་མི་ཟ་བར་ཁས་ལེན་དགོས་པ་དང་།ཡིག་ཐོག་ཏུ་མ་འཁོད་པའི་སོན་གི་དུས་ཡུན་རིང་མོ་ཞིག་ནས་ཐ་སྙད་འདི་དམངས་ཁོད་དུ་དར་ཁབ་བྱུང་མེད་ཅེས་སུས་ཀང་ཁ་ཚོན་གཅོད་མི་ཐུབ་པས་ན།ཨ་མདོའི་ཡུལ་འདིར་ཐོག་མའི་དུས་སུ་མདོ་སྨད་ཅེས་པའི་ཐ་སྙད་འདི་བྱུང་བ་དང་། དེ་རེས་ས་མཚམས་ཀི་དབེ་བ་ངེས་ཅན་མཚོན་པའི་ཨ་མདོ་ཞེས་པའི་མིང་འདི་བྱུང་ཞིང་། དེ་གཉིས་ཀའང་དུས་རིམ་འཕེལ་བའི་གོ་རིམ་ལས་བྱུང་བའི་དོན་གཅིག་མིང་གི་རྣམ་གངས་སུ་གྲུབ་ཅིང་།ད་ལྟའང་གང་བདེར་སོད་བཞིན་པ་ཞིག་རེད།

གསུམ་པ། ཙོང་ཁ་བདྲེ་ཁམས་དང་གཡར་མོ་ཐང་།

ཙོང་ཁ་བདེ་ཁམས་དང་གཡར་མོ་ཐང་ཞེས་པའི་ཐ་སྙད་འདི་གཉིས་ལ།སྐབས་འགར་གོ་དོན་སོ་སོར་ཡོད་པ་ལྟར་བས་ལ།སྐབས་འགར་གོ་དོན་སོ་སོར་མེད་པར་ཡུལ་ཁམས་གཅིག་གིས་མིང་ལ་ངོས་འཛིན་བེད་མཁན་ཡང་བྱུང་བས།ད་ལྟའི་དུས་འདིར་རོག་འཛིང་ཆེ་གས་སུ་ལུས་ཡོད་པ་ཞིག་རེད།དེ་ཡང་སི་ལོ་བདུན་བརྒྱ་ལྷག་གི་དུས་སུ་བསངས་པའི་ཞོལ་རྡོ་རིང་གི་ལྷོ་ངོས་ཀི་ཡིག་ཕྲེང་སོ་གཉིས་ནས་སོ་བཞི་བའི་བར་དུ་“རྒྱ་ས་གོང་སྟེ། རྒྱའི་ཁམས་སུ་གཏོགས་པ་དབར་མོ་ཐང་××××ན་དང་། ཙོང་ཀ་ཕོགས་×××”ཞེས་བཀོད་ཡོད་པ་དེ་ནི།ཕལ་ཆེར་མདོ་སྨད་ཀི་ཡུལ་འདིའི་ས་མིང་རྣམས་ལས་ཅུང་ཙམ་ས་མོའི་དུས་སུ་ཡིག་ཐོག་ཏུ་ཕབ་པའི་གས་ཤིག་ཡིན་པར་སྣང་ལ།ཙོང་ཁ་དང་གཡར་མོ་ཐང་གཉིས་སོ་སོར་ངོས་བཟུང་མཛད་པའི་དཔང་པོའང་ཡིན།རྡོ་རིང་ངོས་སུ་ཙོང་ཁ་ཞེས་བཀོད་པ་ཙམ་ལས་ཙོང་ཁ་བདེ་ཁམས་ཞེས་པའི་མིང་འདི་གསལ་བོར་ཐོན་མེད་ཀང་།དོན་ལ་ཙོང་ཁ་བདེ་ཁམས་དང་ཙོང་ཁ་གཉིས་ཡུལ་ཁམས་གཅིག་གི་ཚད་ལ་ངོས་འཛིན་དགོས་པས། སྐབས་དེའི་ཙོང་ཁ་ཞེས་པའི་བརོད་ཡུལ་ནི་ཙོང་ཁ་བདེ་ཁམས་ཀི་ཡུལ་འདི་ཡིན་ནོ། །

རྡོ་རིང་གི་ངོས་སུ་ཡུལ་དེ་གཉིས་ཀི་མིང་སོ་སོར་བཀར་ཡོད་པ་ཙམ་དུ་མ་ཟད།ཨ་མདོའི་ཡུལ་གི་ནང་ཚན་སོ་སོར་འབེད་པའི་དུས་སུའང་དེ་གཉིས་སོ་སོར་ཕེ་ཡོད།《མདོ་སྨད་ཆོས་འབྱུང་》དུ།“སྒང་གསུམ་ལ་བེད་ཚེ། མདོ་ཁམས་ལ་སྨར་ཁམས་དུ་བཏགས་པ་ཁམས་གཅིག།མདོ་སྨད་ལ་གཡར་མོ་ཐང་བཏགས་པ་ཁམས་གཅིག།ཙོང་ཁ་ལ་གི་ཐང་དུ་བཏགས་པ་ཁམས་གཅིག་”ཅེས་པ་དེ་ལས། ཙོང་ཁ་དང་གཡར་མོ་ཐང་གཉིས་ནི་མདོ་སྨད་ནང་གསེས་ཀི་ཁམས་གསུམ་གི་དབང་དུ་མཛད་པའི་ཚེ་ནའང་སོ་སོར་གྱུར་པའི་ཡུལ་གཉིས་ཡིན་པ་བསྟན་ཡོད། དེ་ཡང་མདོ་སྨད་ནང་གསེས་ཀི་ཁབ་ཆུང་བའི་ཡུལ་དེ་གཉིས་ཀི་མགོར་མདོ་ཁམས་དང་མདོ་སྨད་ཅེས་ཁབ་ཆེ་བའི་ཐ་སྙད་གཉིས་སྦྱར་བ་དེ་ནི།ཧ་ཅང་མི་འཐད་པའི་སྦྱོར་ཚུལ་ཞིག་ཡིན་ལ། དོན་ལའང་མི་འབོར་བ་ནི་སོ་སོར་ཕེ་བའི་ཁམས་གསུམ་པོ་མདོ་སྨད་ཀི་ཁོངས་གཏོགས་སུ་གྱུར་པའི་ཡུལ་ཁམས་གསུམ་ཡིན་པས་ཀང་ཤེས་མོད། འོན་ཀང་གགས་ཚོད་ཀི་གཏམ་དེ་དག་གི་ཕུགས་འདེད་པ་སྐབས་སུ་མ་བབ་པས་རེ་ཞིག་བཏང་སྙོམས་སུ་བཞག་གོ།ཁམས་གསུམ་གི་དབེ་ཚུལ་དུས་ནམ་ཞིག་ཏུ་བྱུང་བ་མི་ཤེས་ཀང་།ཕལ་ཆེར་བོད་བཙན་པོའི་དུས་རབས་ཀི་དབེ་ཚུལ་ཞིག་ཡིན་པ་ལ། རེས་སུ་ལོ་རྒྱུས་སྨྲ་བ་རྣམས་ཀིས་དེབ་ཐེར་དུ་འཁོད་པ་ཞིག་ཡིན་པར་བསམས།ཙོང་ཁ་དང་གཡར་མོ་ཐང་གི་དབེ་ཚུལ་དེ་བྱུང་བ་ནས་ད་ལྔའི་བར་ལོ་ངོ་ཆིག་སྟོང་ལྷག་འགོར་ཡོད་པ་ཞོལ་རྡོ་རིང་ལས་ཤེས་ཐུབ།རྡོ་རིང་ངོར་གསལ་བའི་ཙོང་ཁའམ་ཙོང་ཁ་བདེ་ཁམས་ནི་ཙོང་ལ་རིང་མོ་ལྟེ་བ་ཡིན་པའི་ལྷོ་བང་གཉིས་ཏེ།ལྷོ་ངོས་སུ་རྨ་ཆུ་འབབ་རྒྱུད་ཀི་བང་འགམ་དུ་གྱུར་པའི་ཡུལ་ཁམས་རྣམས་ལ་བེད་ཅིང་།དེ་ཡང་རྨ་ཆུའི་བང་འགམ་དུ་གྱུར་པའི་སྟོད་རྒྱུད་ཀི་ཡུལ་སེ་ནི། ད་ལྟའི་ཁི་ཀ་ཞན་གི་སྒོ་མེ་ལྷ་ཁང་ཐང་གི་མཚམས་ནས་སྨད་རྒྱུད་ཀན་སུའུ་ཞིང་ཆེན་གི་ལིའུ་ཅཱ་ཞཱ་ཆུ་མཛོད་ལ་ཐུག་པའི་བར་ཡིན། དེའི་ཚུལ་《མདོ་སྨད་ཆོས་འབྱུང་》དུ་“རེ་བླ་མའི་མདོ་སགས་ཟུང་འབེལ་གི་བསྟན་པ་འདི་ཉིད་རྒྱུན་རིང་དུ་གནས་པའི་རེན་འབེལ་གི་མཚན་མ། ཙོང་ལ་རིང་མོར་གགས་པ་ཤར་དུ་ལན་ཇུ་དང་ཉེ་”ཞེས་བཀོད་ཡོད་པ་དང་།བང་ངོས་སུ་ཙོང་ཆུ་སོན་མོ་ལྟེ་བ་ཡིན་པའི་ལྷོ་བང་གི་ཡུལ་ཐམས་ཅད་ཙོང་ཁ་བདེ་ཁམས་ཀི་ཁོངས་གཏོགས་ཡིན་ཚུལ་ཡུལ་འདི་དང་འབེལ་བའི་ལོ་རྒྱུས་ལས་ཤེས་ཐུབ་པ་དང་། ཁམས་གསུམ་དུ་ཕེ་བའི་གི་ཐང་ཞེས་པའང་ཡུལ་འདི་ཉིད་ལ་ངོས་འཛིན་དགོས་པ་ཡིན་ནོ།།དེ་ལས་གཡར་མོ་ཐང་ནི་ཡུལ་ཁམས་གང་ཞིག་ལ་ངོས་འཛིན་དགོས་ཤེ་ན།གོང་དུ་གེང་བའི་《ཐང་ཡིག་སེ་ལྔའི་》ནང་ཚན་ལྷ་འདེ་ཐང་ཡིག་ཏུ་“བོད་ཀི་ཁི་ཤོར་རྒྱལ་མོའི་མཚོ་ཆེན་དེ།བང་ཕོགས་ཁམས་ཀི་གཡར་མོ་ཐང་ན་ཡོད་”ཅེས་པ་དེ་ལས། མཚོ་སོན་པོ་ནི་གཡར་མོ་ཐང་གི་ཡུལ་དུ་གནས་ཡོད་པ་དང་། གཡར་མོ་ཐང་ཡང་མཚོ་སོན་པོའི་ཡུལ་ལ་ངོས་འཛིན་དགོས་པའི་གསལ་ཁ་ཕུལ་ཡོད་ལ། རིག་འཛིན་བསྟན་སོང་དབང་བོས་ཀརྨའི་གསུང་རྒྱུན་བཞིན་བསྒྲིགས་པའི་《བག་དཀར་སེལ་རྫོང་སི་དཀར་ཆག་》ལས་ཀང་།“མ་འོངས་སྙིགས་མ་ལྔ་ཡི་དུས།། སོབ་དཔོན་པདྨ་འབྱུང་གནས་ཉིད།།ཁི་གཤོག་རྒྱལ་མོའི་མཚོ་ལ་ཕེབས།། མཚོ་མཐའ་གཡར་མོ་ཐང་གི་དཀིལ།།”ཞེས་གོང་མཚུངས་ཀི་འདོད་ཚུལ་བསྟན་ཡོད།སི་ལོ་1830ལོར་བརམས་པའི་《འཛམ་གིང་རྒྱས་བཤད་》ལས་ཀང་།“ཨ་མདོའི་ཁོངས་གཏོགས་མདོ་ཁམས་གཡར་མོ་ཐང་གི་ཆར་གཏོགས་མཚོ་ཁི་ཤོད་རྒྱལ་མོའི་འགམ་”ཞེས་བཀོད་པ་དེ་ལས། ཆེས་གསལ་བོའི་སྒོ་ནས་མཚོ་སོན་པོ་ནི་གཡར་མོ་ཐང་གི་ཆར་གཏོགས་ཀི་མཚོ་ཞིག་ཡིན་པ་བརོད་ཡོད།ཡིན་ན་ཡང་།ཅུང་ཙམ་ཕི་རབས་སུ་གྱུར་པའི་མཁས་དབང་བག་དགོན་བསྟན་པ་རབ་རྒྱས་ཀིས་གོང་གསལ་ལས་ལྡོག་སྟེ།གཡར་མོ་ཐང་དང་ཙོང་ཁ་བདེ་ཁམས་གཉིས་ཡུལ་ཁམས་གཅིག་ཡིན་པའི་ངོས་འཛིན་བས་ཡོད།ཁོང་གིས་མཛད་པའི་《མདོ་སྨད་ཆོས་འབྱུང་》ལས། ཙོང་ཁའི་བང་རྒྱུད་སོགས་བརོད་པའི་དུས་སུ།“ཙོང་ལ་རིང་མོའི་ལྷོ་བང་གི་སའི་ཆ་ཁམས་ཀི་གཡར་མོ་ཐང་ངམ། ཤར་མདོ་སྨད་སྤྲུལ་བའི་ཞིང་ཞེས་ཡོངས་གགས་པ་འདི་ཉིད་ཀི་སྙིང་པོ་རེ་རྒྱལ་བ་གཉིས་པ་འཁྲུངས་ཡུལ་སྐུ་འབུམ་བམས་པ་གིང་འདི་ཉིད་ཡིན་”ཞེས་བཀོད་པ་དེ་ལས།གཡར་མོ་ཐང་དང་ཙོང་ཁ་བདེ་ཁམས་གཉིས་ཡུལ་ཁམས་གཅིག་ཡིན་པའི་ངོས་འཛིན་བས་ཡོད་པ་གསལ་ལ། གགས་པའི་རེས་འབངས་པ་འགས་《མདོ་སྨད་ཆོས་འབྱུང་》དང་《ཐང་ཡིག་སེ་ལྔ་》ལྟར་གང་བདེར་འགེལ་ཡོད་པ་《བོད་ཀི་རྡོ་རིང་ཡི་གེ་དང་དིལ་བུའི་ཁ་བང་》ཞེས་པ་ལས་གསལ་ལོ།།དེ་བཞིན་ཉེ་རབས་ཀི་མཁས་དབང་ཡོངས་འཛིན་བློ་བཟང་དཔལ་ལྡན་(1881-1944བར་འཚོ་བཞུགས)གིས་མཛད་པའི་《རོགས་བརོད་གསེར་གི་མེ་ཏོག་》ལས་“དེ་ཡང་མདོ་ཁམས་གཡར་མོ་ཐང་ཞེས་བ་བའི་ཞིང་ཁམས་གགས་པ་དཀར་བོའི་མེ་ཏོག་གི་ཕྲེང་བ་གནའ་བོའི་དུས་ནས་མ་རིང་བའི་ལྷོ་རྒྱུད་ན།གསེར་ལྡན་སའི་ཐིག་ལེ་སྙིང་བོར་ཆགས་པ་རེབ་གོང་རིག་པ་འབྱུང་བའི་གོང་ཁེར་”ཞེས་བཀོད་ཡོད། དེ་ལས་གཡར་མོ་ཐང་དང་ཙོང་ཁ་བདེ་ཁམས་གཉིས་ཡུལ་གྲུ་གཅིག་གི་ཆ་ལ་ངོས་འཛིན་དགོས་པའི་ཚིག་ཟིན་གསལ་བོར་ཐོན་མེད་ཀང་། རེབ་གོང་ཞེས་པའི་ཡུལ་སེ་ནི་གཡར་མོ་ཐང་གི་ལྷོ་རྒྱུད་དུ་ཆགས་ཡོད་ཚུལ་བརོད་པ་དེ་ལས། གཡར་མོ་ཐང་དང་ཙོང་ཁ་བདེ་ཁམས་གཉིས་ཡུལ་ཁམས་གཅིག་ཡིན་པའི་ངོས་འཛིན་བས་ཡོད་པ་གསལ།དེ་ལྟར་སོན་གི་མཁས་དབང་རྣམས་ལའང་གཡར་མོ་ཐང་དང་ཙོང་ཁ་བདེ་ཁམས་གཉིས་ཀི་ཡུལ་ཁམས་ངོས་འཛིན་ཚུལ་གཉིས་བྱུང་ལ།བྱུང་བའི་གོ་རིམ་ལ་བལྟས་ན། སོ་སོར་དུས་ཀི་ས་ཕི་ངེས་ཅན་དུ་མཚོན་པའི་ཁད་པར་ལྡན་པས།ལྟ་ཚུལ་དེ་གཉིས་ཀའང་རྒྱུ་མཚན་ངེས་ཅན་ཞིག་ལ་བརེན་ནས་བྱུང་བར་གོར་མ་ཆག །བོད་ཀི་སི་ཚོགས་འཕེལ་བའི་ལོ་རྒྱུས་ཀི་ངོས་ནས་བལྟས་ན།ཐོག་མར་གཅིག་གྱུར་གི་སིད་དབང་ཡོད་པ་ནས། རིམ་གིས་གཅིག་གྱུར་གི་སིད་དབང་མེད་པར་ཁ་ཐོར་དུ་གནས་པའི་གོ་རིམ་རིང་མོ་ཞིག་བརྒྱུད་མོང་བ་དེ་ནི།གཡར་མོ་ཐང་གི་ཡུལ་ཁམས་འདི་ལ་ངོས་འཛིན་ཚུལ་མི་གཅིག་པ་གཉིས་བྱུང་བའི་རྒྱུ་རེན་གཙོ་བོ་ཞིག་རེད།གཅིག་གྱུར་གི་སིད་དབང་ཡོད་པའི་དུས་སུ་རྒྱལ་ཁབ་གཞན་དག་དང་འད་བར་བོད་ཀི་སི་ཚོགས་དེ་ཡང་ལྟོས་འཇོག་གི་སྒོ་ནས་གོ་རིམ་ལྡན་ཞིང་ཞིབ་ཚགས་པའི་སི་ཚོགས་ཤིག་ཏུ་འཛུགས་སྐྲུན་བས་ཏེ། སྐབས་དེའི་ཆབ་སིད་དང་བསྟུན་པའི་སི་ཚོགས་ཀི་སྒྲིག་རིམ་དམ་པོ་ཞིག་ཡོད་པ་དང་།སྒྲིག་རིམ་དེ་དང་བསྟུན་པའི་ཡུལ་ཁམས་ཀི་དབེ་བའང་དམ་པོ་ཞིག་ཡོད་པར་ངེས།བོད་ཁམས་སི་ལ་སྟོད་མངའ་རིས་སྐོར་གསུམ།བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་བོད་ཀི་ཡུལ་འདི་ལ་སིའི་དབེ་ཚུལ་གསུམ་ཅན་དུ་ཕེ་བ་དེའང་།བོད་ཀི་སི་ཚོགས་ཀི་སྒྲིག་རིམ་དང་མཐུན་པའི་ཡུལ་ཁམས་ཀི་དབེ་ཚུལ་ཞིག་རེད།གཡར་མོ་ཐང་དང་ཙོང་ཁ་བདེ་ཁམས་གཉིས་ནི་བོད་ཁམས་སི་ལ་ཁབ་པའི་ཡུལ་མིང་ཞིག་མིན་པར་ཨ་མདོའི་ཁོངས་གཏོགས་སུ་གྱུར་པའི་ཡུལ་ཁམས་ཆུང་བ་ཞིག་གི་མིང་ཡིན་ལ།བོད་ཀི་སི་ཚོགས་དེ་སྒྲིག་རིམ་ཅན་དུ་སོང་བའི་ཐོན་དངོས་ཀི་མིང་གཉིས་ཡིན་པའང་ཞོལ་རྡོ་རིང་གིས་བདེན་དཔང་བེད་ཐུབ།ཡིན་ན་ཡང་། གོ་དོན་སོ་སོར་ཡོད་པའི་ས་མིང་འདི་གཉིས་ཀ་ལོ་རྒྱུས་ཀི་དུས་རིམ་སོ་སོའི་ནང་དུ།མཁས་པ་སྐོར་ཞིག་གིས་མ་ནོར་བའི་སྒོ་ནས་གཡར་མོ་ཐང་ནི་མཚོ་སོན་པོ་གནས་སའི་ཡུལ་གྲུ་བིངས་ཀི་ཆ་ལ་གོ་དགོས་པའི་ཡུལ་ཞིག་ཡིན་ཚུལ་བརོད་པ་ཙམ་ལས།སྐོར་ཞིག་གི་སྣང་ངོར་དེ་གཉིས་སོ་སོ་ཡིན་པའི་བག་ཆགས་ཙམ་ཡང་མེད་པ་ནི་ཧ་ཅང་ཕངས་པའི་གནས་ཡིན་ལ།བོད་ཀི་སི་ཚོགས་ཀི་སྒྲིག་རིམ་ཐོར་བ་ལས་བྱུང་བའི་ངན་འབས་ཤིག་ཀང་རེད།གང་དར་གིས་སིད་དབང་ནམ་མཁའི་འཇའ་ཚོན་ལ་གཏད་པའི་རེས་སུ། བོད་ཀི་སིད་འཛིན་གི་ས་ཁུལ་ངེས་ཅན་མཚོན་པའི་ཡུལ་ཁམས་སོ་སོའི་གནས་ཚད་དེ་ཡང་ཐུན་མོང་གི་འཚོ་བའི་ཁོད་དུ་སར་ཟིན་པའི་གོ་གནས་རིམ་གིས་ཉམས་པར་གྱུར་ལ། སར་གི་ས་མཚམས་དང་ཆུ་མཚམས་ཀིས་བཅད་པའི་ཡུལ་གི་བགོ་སྟངས་རྣམས་ཀང་སྣང་མེད་དུ་ལུས་ནའང་གནོད་པ་མེད་པར་བརེན། སོན་དུས་རབས་བརྒྱད་པ་ནས་བཟུང་མཚོ་སོན་པོ་ལྟེ་བ་ཡིན་པའི་གཡར་མོ་ཐང་དང་། ཙོང་ལ་རིང་མོ་ལྟེ་བར་གྱུར་པའི་ཙོང་ཁ་བདེ་ཁམས་གཉིས་ཡུལ་ཁམས་གཅིག་ཏུ་ངོས་འཛིན་བས་པའི་ནོར་འཁྲུལ་ང་ཤུགས་སུ་བྱུང་བར་ངེས། ཚུལ་དེ་འད་ཡོ་བསང་མ་བས་པར་མ་དག་རྒྱུན་འབམས་སུ་གྱུར་ན་ང་ཚོའི་ཞིབ་འཇུག་ལས་དོན་ལ་ཚད་མི་འད་བའི་གནོད་པ་འབྱུང་ངེས་པས། བཏང་སྙོམས་སུ་འཇོག་མ་བདེ།གཡར་མོ་ཐང་གི་ཡུལ་ཁམས་ཇི་འད་ཞིག་ཡོད་པའི་སྐོར་ལ་ཡིད་ཆེས་རེད་པའི་དཔྱད་གཞི་ལག་སོན་མ་བྱུང་བས།དེའི་རྒྱ་ཁོན་གི་ཚད་ཡང་དག་ཅིག་འཇལ་དཀའ་མོད། ཙོང་ཁ་བདེ་ཁམས་ཀི་བང་ངོས་སུ་འབབ་པའི་ཙོང་ཆུ་སོན་མོའི་ཆུ་མགོ་དེ་ནི།ཉི་ཟླ་རི་བོའི་འདབས་ནས་སྨད་ཕོགས་སུ་འབབ་པ་ཡིན་ལ། མཚམས་དེ་ནས་བཟུང་སྟེ།ཙོང་ཆུ་བབ་རྒྱུད་ཀི་ལྷོ་བང་གཉིས་སུ་གྱུར་པའི་ཡུལ་ཁམས་ཚང་མ་ཙོང་ཁ་བདེ་ཁམས་སུ་གཏོགས། མཚོ་སོན་པོ་ལྟེ་བར་གྱུར་པའི་གཡར་མོ་ཐང་ནི་ཉི་ཟླ་རི་བོའི་ནུབ་ཕོགས་སུ་གནས་པས། ལྟོས་འཇོག་གི་སྒོ་ནས་བཤད་ན། ཉི་ཟླ་རི་བོ་ནི་གཡར་མོ་ཐང་གི་ཤར་ཕོགས་སུ་གནས་ཡོད་པར་མ་ཟད།ཙོང་ཁ་བདེ་ཁམས་དང་གཡར་མོ་ཐང་གཉིས་ཀི་ས་མཚམས་འབེད་པའི་རགས་ལྟ་བུའང་ཡིན།དེ་ནས་བཟུང་སྟེ་ལྷོ་ཕོགས་སུ་བློན་པོ་གསེར་ཆེན་དང་། ནུབ་ཕོགས་སུ་ཚ་འདམ་གཞུང་ལ་ཐུག་པའི་བར།བང་ངོས་སུ་མདོ་ལ་རིང་མོ་བཅས་ཀིས་མཚོན་པའི་ཡུལ་ནི།དུས་རབས་བརྒྱད་པ་ནས་བཟུང་སྟེ་གཡར་མོ་ཐང་ཞེས་དམིགས་སུ་བཀར་བའི་ཡུལ་ཁམས་དེའི་རྒྱ་ཁོན་ཡིན་སྙམ་མོ།།

关闭窗口
 
访问量人数:

 

甘肃民族师范学院  版权所有