藏学院
 学校首页  本站首页  学科建设  教学科研  师资队伍  党建工作  组织机构  藏学研究  藏族文化  规章制度 
新闻动态
新闻动态
您的位置: 本站首页>新闻动态>正文
ཞི་ཅིན་ཕེན་གིས་འགོ་འཛིན་མཛད་དེ་གསར་འགྱུར་གླེང་ཕྱོགས་ལས་ཀའི་བཞུགས་མོལ་ཚོགས་འདུ་འཚོགས་པར་མ་ཟད་གསུང་བཤད་གནང་།
2016-07-22 16:56  

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེང་གིས་ཟླ་༢པའི་ཚེས་༡༩ཉིན།པེ་ཅིང་ནས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀའི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་མཛད་པར་མ་ཟད་གསུང་བཤད་གནང་།ཁོང་གིས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀ་ནི་ཏང་གི་ལས་ཀ་གལ་ཆེན་ཞིག་ཡིན་ལ།རྒྱལ་སྐྱོང་སྲིད་འཛིན་དང་རྒྱལ་འབངས་བདེ་འགོད་ཀྱི་དོན་ཆེན་ཞིག་ཡིན་པས།རྒྱལ་ཁབ་ཕྱི་ནང་གི་གནས་བབ་འཕེལ་རྒྱས་ལ་བསྟུན་པ་དང་ཏང་གི་ལས་ཀའི་ཁྱོན་ཡོངས་ལ་དམིགས་ནས་ཁ་ཕྱོགས་གཏན་ཁེལ་བྱེད་དགོས་ལ།ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་།མི་དམངས་གཙོ་བོར་འཛིན་པའི་ལས་ཀའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ།གསར་འགྱུར་སྒྲོག་སྤེལ་གྱི་ཆོས་ཉིད་ལ་བརྩི་བཀུར་བྱེད་པ་དང་།བྱེད་ཕྱོགས་དང་ཐབས་ལམ་གསར་སྐྲུན་བྱས་ཏེ།ཏང་གི་གསར་འགྱུར་གླེང་ཕྱོགས་ཀྱི་སྒྲོག་སྤེལ་ནུས་པ་དང་ཁྲིད་སྟོན་ནུས་པ།ཤན་ཞུགས་ནུས་པ།སྤྱི་རྟོན་ནུས་པ་བཅས་དངོས་སུ་ཇེ་མཐོར་གཏོང་དགོས་ཤེས་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས་བསྟན་དོན།དུས་རབས་གསར་བའི་ཆ་རྐྱེན་འོགཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀའི་འགན་ནུས་དང་ལས་འགན་ནི།དར་ཆ་མཐོན་པོར་བསྒྲེང་བ་དང་ཁ་ཕྱོགས་ལ་ཁྲིད་སྟོན་བྱེད་པ།དཀྱིལ་སྙིང་ལ་དམིགས་པ་དང་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བ།མི་དམངས་ལ་མཐུན་སྒྲིལ་བྱེད་པ་དང་བརྩོན་སེམས་ཆེ་རུ་བསྐྱེད་པ།སྲོལ་བཟང་ཡར་སྐུལ་དང་སེམས་ཤུགས་གཅིག་སྒྲིལ་བྱེད་པ།ཡིན་མིན་གསལ་འབྱེད་དང་བདེན་རྫུན་ཤན་འབྱེད་བྱེད་པ།ཕྱི་ནང་མཉམ་འབྲེལ་དང་འཛམ་གླིང་ལ་འབྲེལ་འདྲིས་བྱེད་པ་བཅས་ཡིན་པས།འགན་ནུས་སམ་ལས་འགན་དེ་ཕྲག་ཏུ་འཁུར་དགོས་ན།ངེས་པར་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་དེ་ཨང་དང་བོར་བརྩིས་ཏེ།ཏང་གཤིས་རྩ་དོན་རྒྱུན་འཁྱོངས་ལྷོད་མེད་དང་མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བ་རྒྱུན་འཁྱོངས།ཡང་དག་པའི་གླེང་ཕྱོགས་ལྟ་བ་རྒྱུན་འཁྱོངས།དྲང་ཕྱོགས་དྲིལ་བསྒྲགས་གཙོ་བོར་འཛིན་པ་རྒྱུན་འཁྱོངས་ལྷོད་མེད་བྱ་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀར་ཏང་གཤིས་རྩ་དོན་རྒྱུན་འཁྱོངས་བྱ་དགོས་ན།ཆེས་གཞི་རྩ་ནི་ཏང་གིས་གསར་འགྱུར་གླེང་ཕྱོགས་ལས་ཀར་འགོ་ཁྲིད་རྒྱུར་རྒྱུན་འཁྱོངས་བྱེད་དགོས་པ་དང་།གསར་འགྱུར་གླེང་ཕྱོགས་ལས་ཀའི་ཕྱོགས་སོ་སོ་དང་གོ་རིམ་སོ་སོ་ནས་གླེང་ཕྱོགས་ཀྱི་ཁ་ཕྱོགས་ཡང་དག་པར་རྒྱུན་འཁྱོངས་བྱ་དགོས་ལ།མཐུན་སྒྲིལ་བརྟན་བརླིང་ལ་སྐུལ་མ་གཏོང་བ་དང་དྲང་ཕྱོགས་དྲིལ་བསྒྲགས་གཙོ་བོར་འཛིན་རྒྱུ་ནི་ཏང་གིས་གསར་འགྱུར་གླེང་ཕྱོགས་ལས་ཀས་ངེས་པར་དུ་བརྩི་སྲུང་བྱ་དགོས་པའི་རྩ་བའི་བྱེད་ཕྱོགས་ཡིན།གནས་བབ་འཕེལ་རྒྱས་དང་བསྟུན་ནས།ཏང་གིས་གསར་འགྱུར་གླེང་ཕྱོགས་ལས་ཀས་ངེས་པར་དུ་འདུ་ཤེས་དང་ནང་དོན།གྲུབ་ཚུལ།རྣམ་པ།ཐབས་ཤེས།བྱེད་ཐབས།རྐྱེན་སྲོལ།སྒྲིག་ལུགས་བཅས་གསར་སྐྲུན་བྱ་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་བསྟན་དོན།ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀའི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་ནི།གསར་འགྱུར་གླེང་ཕྱོགས་ལས་ཀ་བདེ་བླགས་ངང་འཕེལ་རྒྱས་སུ་གཏོང་བའི་རྩ་བའི་ཁག་ཐེག་ཡིན་པས།རིམ་པ་སོ་སོའི་ཏང་ཨུ་ཡིས་རང་རྟོགས་ཀྱིས་ཆབ་སྲིད་འགན་ཁུར་དང་འགོ་ཁྲིད་འགན་ཁུར་ཕྲག་ཏུ་ལེན་དགོས་ལ།འགོ་ཁྲིད་ལས་བྱེད་པས་གསར་འགྱུར་ལས་ཁུངས་བར་གྱི་འབྲེལ་འདྲིས་ཀྱི་ནུས་པ་ཇེ་ཆེར་བཏང་ནས།གསར་འགྱུར་ལས་ཁུངས་བཀོལ་ནས་སྲིད་ཇུས་འདོད་བློར་སྒྲོག་འགྲེལ་བྱེད་པ་དང་།སྤྱི་ཚོགས་གནས་ཚུལ་དང་མི་དམངས་ཀྱི་འདོད་བློར་རྒྱུས་ལོན་བྱེད་པ།འགལ་བ་དང་གནད་དོན་རྙེད་ཐུབ་པ།མི་དམངས་མང་ཚོགས་ལ་སྐུལ་སློང་བྱེད་པ།དོན་དངོས་ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱ་དགོས་ཞེས་གསུངས་སོ།།(འོད་ཟེར་གྱིས་བསྒྱུར།)གངས་ལྗོངས་ཉི་གཞོན་ལས་བཤུས།

关闭窗口
 
访问量人数:

 

甘肃民族师范学院  版权所有