藏学院
 学校首页  本站首页  学科建设  教学科研  师资队伍  党建工作  组织机构  藏学研究  藏族文化  规章制度 
新闻动态
新闻动态
您的位置: 本站首页>新闻动态>正文
བོད་ལྗོངས་ཀྱི་མཐོ་རྒྱུགས་ལ་ཞུགས་པའི་སློབ་མ་3880ལ་གཟིགས་སྐྱོང་སྲིད་ཇུས་ཡོད་པ།
2016-07-22 17:09  

 

མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་5ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་སློབ་གསོའི་རྒྱུགས་ལེན་ལས་ཁུངས་ནས་རྒྱུས་ལོན་བྱུང་བ་ལྟར་ན།2016ལོར།བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་རྒྱལ་ཡོངས་གཅིག་གྱུར་གྱི་སློབ་བསྡུ་རྒྱུགས་ལེན་ནང་གཟིགས་སྐྱོང་སྲིད་ཇུས་ཡོད་པའི་སློབ་མའི་མིང་ཐོ་དང་ཡུལ་གཞན་དུ་རྒྱུགས་ར་གཡར་ནས་རྒྱུགས་ལེན་མཁན་གྱི་མིང་ཐོ་གཏན་འཁེལ་བྱས་ཡོད་ཅིང་།རང་སྐྱོང་ལྗོངས་སུ་རྒྱུགས་ཞུགས་སློབ་མ་3880ཡིས་གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་བྱེད་ཐུབ་པ་དང་།རང་སྐྱོང་ལྗོངས་ཕྱི་རོལ་ནས་རྒྱུགས་ར་གཡར་ཏེ་མཐོ་རྒྱུགས་ལ་ཞུགས་མཁན་གྱི་སློབ་མ་567ཡོད་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། 2016ལོའི་བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་རྒྱལ་ཡོངས་གཅིག་གྱུར་གྱི་སློབ་བསྡུ་རྒྱུགས་ལེན་ནང་གཟིགས་སྐྱོང་སྲིད་ཇུས་ཡོད་པའི་སློབ་མ་3880ཡི་ནང་།སྨན་བཅོས་ལས་བྱེད་པའི་ཕྲུ་གུ(39) ཆ་རྐྱེན་གཅིག་མཚུངས་འོག་སྔོན་ལ་རྒྱུགས་འཕྲོད་པའི་སློབ་མ(13) གཞི་རིམ་ཞིང་འབྲོག་ཚན་རྩལ་མི་སྣའི་ཕྲུ་གུ(94) རྒྱ་རིགས་སློབ་བསྡུའི་སྐར་གྲངས་ལག་བསྟར་བྱེད་པའི་བོད་སྡོད་ལས་བྱེད་དང་ལས་བཟོ་ཡི་ཕྲུ་གུ(1139) རྒྱ་རིགས་སློབ་བསྡུའི་སྐར་གྲངས་ལག་བསྟར་བྱེད་པའི་གྲངས་ཉུང་མི་རིགས་ཀྱི་རྒྱུགས་ཞུགས་སློབ་མ(99) མ་འཇོག་ཚོང་གཉེར་མཁན་གྱི་ཕྲུ་གུ(33) བོད་སྐྱོར་ལས་བྱེད་ཀྱི་ཕྲུ་གུ(78) དགེ་རྒན་གྱི་ཕྲུ་གུ(370) སྔོན་གཤེགས་དཔའ་བོའི་ཕྲུ་གུ(1) རང་སྐྱོང་ལྗོངས་ཀྱི་བཟང་གསུམ་སློབ་མ(22) རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་སློབ་མའི་ལས་བྱེད་པ(3) ཚན་རྩལ་གསར་གཏོད་དང་འགྲན་བསྡུར་གྱི་བྱ་དགའ་ཐོབ་པའི་སློབ་མ(4) གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཐོབ་ཐང་གི་རྒྱུགས་སྤྲོད་སློབ་མ(346) མཐའ་མཚམས་རྫོང་དང་མཐའ་མཚམས་ཤང་།(གྲོང་རྡལ)ཞིང་འབྲོག་པའི་ཕྲུ་གུ(1279) མོན་པ་དང་ལྷོ་པ། ཤར་པ།ཏེང་པའི་རྒྱུགས་སྤྲོད་སློབ་མ(272) རང་སྐྱོང་ལྗོངས་རིམ་པའི"སྔོན་ཐོན་གཉིས་ལྡན་དུད་སྦྲེལ"ཁྱིམ་ཚང་གི་སློབ་མ(81) རང་ལས་རང་འཚོལ་གྱི་དམག་ཁོངས་ནས་ཕྱིརའཐེན་པའི་དམག་མི་སློབ་མ(1) ཕྱིར་སྡོད་རང་མིའི་ཕྲུ་གུ(1) ཐའེ་ཝན་ཞིང་ཆེན་ནས་ཡིན་པའི་སློབ་མ(1) རྒྱ་རིགས་སློབ་བསྡུའི་སྐར་གྲངས་ལག་བསྟར་བྱེད་པའི་རང་སྐྱོང་ལྗོངས་ཕྱི་རོལ་གྱི་གྲངས་ཉུང་མི་རིགས་(རྒྱལ་ཡོངས་གཅིག་གྱུར་གྱི་མི་རིགས་ཨང་ཚབ་མེད་པ)ཀྱི་རྒྱུགས་ཞུགས་སློབ་མ(4)བཅས་ཡོད་པ་རེད།
    2016
ལོའི་བོད་རང་སྐྱོང་ལྗོངས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་རྒྱལ་ཡོངས་གཅིག་གྱུར་གྱི་སློབ་བསྡུ་རྒྱུགས་ལེན་གྱི་རང་སྐྱོང་ལྗོངས་ཕྱི་རོལ་གྱི་རྒྱུགས་ར་གཉིས་ཡོད་ཅིང་།དེ་གཉིས་ནི་བོད་ལྗོངས་མི་རིགས་སློབ་ཆེན་གྱི་རྒྱུགས་ར་གཡར་མ་དང་།ཁྲེང་ཏུའུ་ཡི་རྒྱུགས་ར་གཡར་མ་གཉིས་ཡིན་པ་རེད། ཡུལ་གཞན་རྒྱུགས་ལེན་བྱེད་པའི་སློབ་མ་567གྱི་ནང་སློབ་མ་98ཀྱིས་བོད་ལྗོངས་མི་རིགས་སློབ་ཆེན་ནས་རྒྱུགས་ལེན་པ་དང་།སློབ་མ་469ཡིས་ཁྲེང་ཏུའུ་ཡི་རྒྱུགས་ར་ནས་རྒྱུགས་ལེན་རྒྱུ་ཡིན་པ་རེད།

 

关闭窗口
 
访问量人数:

 

甘肃民族师范学院  版权所有