藏学院
 学校首页  本站首页  学科建设  教学科研  师资队伍  党建工作  组织机构  藏学研究  藏族文化  规章制度 
新闻动态
新闻动态
您的位置: 本站首页>新闻动态>正文
༄༅།།ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་བོད་ཡིག་ཚགས་པར་གྱི་པར་ཕུད་འགྲེམ་སྤེལ་ཚོགས་འདུ།
2016-12-30 10:12 藏学院 

༄༅།།ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་བོད་ཡིག་ཚགས་པར་གྱི་པར་ཕུད་འགྲེམ་སྤེལ་ཚོགས་འདུ།  

སྤྱི་ཟླ༡༡པའི་ཚེས་༢༩ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠པའི་ཐོག་ཏུ་ངེད་ཅག་སློབ་གྲྭའི་དཔེ་མཛོད་ཁང་གི་ཚོགས་ཁང་དང་བོ་རུ་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་བོད་ཡིག་ཚགས་པར་གསར་ཏུ་བལྟམས་པའི་འགྲེམ་སྤེལ་མཛད་སྒོའི་ཚོགས་འདུ་གཟབ་རྒྱས་ངང་འཚོགས།སློབ་གྲྭའི་ཏང་ཨུ་ཧྲུའུ་ཅི་ལི་ཝེ་ཕིང་དང་སློབ་གཙོ་ཁྲིན་ཧྥོ་རོན།སློབ་གཙོ་ཟུར་བའམ་བོད་ཀྱི་ཤེས་རིག་འཕེལ་རྒྱས་གླིང་གི་སློབ་གཙོ་རྡོ་ཕྲུགཏང་ཨུ་ཧྲུའུ་ཅི་ཟུར་བ་དབྱང་ཧྲུ་ཡོས།ཀྲུང་གྲུང་ཀན་ལྷོ་ཁུལ་ཨུ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཟུར་བ་ཀུན་བཟང་སྐྱིད།བོད་ཀྱི་སྐད་ཡིག་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་སྐལ་ཏེ་སོགས་ཚོགས་འདུར་ཞུགས།སློབ་གཙོ་ཁྲིན་ཧྥོ་རོན་གྱིས་སློབ་གྲྭའི་འབྲེལ་ཡོད་སྡེ་ཁག་སོ་སོར་ཚགས་པར་གྱི་ལག་རྟགས་སྤྲད་པ་རེད།རྒྱལ་ཁབ་རིམ་པ་གཉིས་པའི་སློབ་དཔོན་ཆེན་མོའམ་སློབ་གཙོ་ཟུར་བ།བོད་ཀྱི་ཤེས་རིག་འཕེལ་རྒྱས་གླིང་གི་སློབ་གཙོ།འདི་གའི་ཚགས་པར་གཙོ་སྒྲིག་པ་རྡོ་ཕྲུག་མཆོག་གིས་པདྨ་དཀར་བོའི་སྐྱེད་ཚལ་ཞེས་པའི་སློབ་གྲྭའི་བོད་ཡིག་ཚགས་པར་གསར་སྐྲུན་གྱི་རྒྱུད་རིམ་དང་འགྲེམ་སྤེལ་སོགས་ངོ་སྤྲོད་དམ་འཚམས་སྦྱོར་ཟབ་ཅིང་རྒྱས་པ་བྱས།སློབ་དཔོན་ཆེན་མོའམ་ཏང་ཨུ་ཧྲུའུ་ཅི་ཟུར་བ་དབྱང་ཧྲུ་ཡོས་ཀྱིས་ཚོགས་འདུའི་འགོ་འཛིན་མཛད།  

ཚོགས་ཐོག་ཏུ་ཏང་ཨུ་ཧྲུའུ་ཅི་ལི་ཝེ་ཕིང་གིས་བསྟན་དོན།ཁོང་སློབ་གྲྭ་ཡོངས་ཀྱི་ཚབ་བྱས་ནས་ཚོགས་འདུ་ལ་ཞུགས་པའི་སྐུ་འགྲོན་རྣམ་པར་སྤྲོ་དགའི་སེམས་ཀྱིས་བསུ་མ་བྱས་ཤིང་དུས་རྟག་ཏུ་སློབ་གྲྭའི་འཕེལ་རྒྱས་ལ་ཐུགས་ཁུར་གནང་བར་སྙིང་ཐག་པས་བཀའ་དྲིན་ཞུས།ཁོང་གིས་བཤད་རྒྱུར།ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་བོད་ཡིག་ཚགས་པར་གསར་དུ་སྐྲུན་པའི་དམིགས་ཡུལ་ནི་སློབ་གྲྭའི་སློབ་སྒྲུབ་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཇི་ཐུབ་བྱེད་པར་བརྩོན་ལེན་བྱེད་ཅིང་རིག་གནས་འཛུགས་སྐྲུན་བྱེད་སྟངས་ལ་སྐུལ་སྤེལ་གཏོང་སའི་ཞིང་ས་ཉག་གཅིག་ཏུ་གྱུར་ཐུབ་པར་ཅིས་ཀྱང་འབད་བརྩོན་བྱ་དགོས་པའི་རེ་བ་སྟོན་པ་མ་ཟད།ཕྱིན་ཆད་ཀྱང་མུ་མཐུད་དུ་དར་ཆ་བརྟན་པོ་དང་ཁ་ཕྱོགས་རྒྱུན་འཁྱོངས་ཀྱི་ལམ་ནས་ཏང་གི་ལམ་ཕྱོགས་བྱེད་ཕྱོགས་དང་སྲིད་ཇུས་ལ་སྒོ་ཀུན་ནས་ལག་ལེན་ཐར་ཕྱིན་བྱེད་ནས་སྤྱི་ཚོགས་རིང་ལུགས་སྲོག་ཤིང་གི་རིན་ཐང་ལྟ་ཚུལ་དང་།རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་སློབ་གསོ་ནི་ཚགས་པར་སྐྲུན་པའི་འོས་འགན་གཙོ་བོར་འཛིན་དགོས་པ་དང་ཆབས་ཅིགམི་རིགས་རིག་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཅིང་ཚགས་པར་གྱི་རྒྱུ་སྤུས་སྔར་ལས་ཇེ་ལེགས་སུ་གཏོང་དགོས་པར་ནན་གྱིས་བསྟན།

 

 

ཀྲུང་གུང་ཀན་ལྷོ་ཁུལ་ཨུ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཟུར་བ་ཀུན་བཟང་སྐྱིད་ཀྱིས་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་བོད་ཡིག་ཚགས་པར་གསར་དུ་བལྟམས་པར་རྟེན་འབྲེལ་ཞུ་བ་དང་ཆབས་ཅིགམོས་བཤད་རྒྱུར།མི་རིགས་ས་ཁུལ་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་མཐའ་མཚམས་སྲུང་སྐྱོང་དང་བོད་ཁུལ་བདེ་འགོད་བྱ་བར་དམིགས་པའི་ནང་དོན་ཉག་གཅིག་ཡིན་པ་མ་ཟད།མི་རིགས་མཐུན་སྒྲིལ་མཉམ་གནས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་རྟགས་མཚན་ཞིག་ཀྱང་རེད།ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་བོད་ཡིག་ཚགས་པར་གསར་དུ་བལྟམས་པར་སློབ་གྲྭའི་ཏང་ཨུས་དོན་དངོས་ཟུང་འབྲེལ་གྱི་སྒོ་ནས་ཏང་གི་གསར་འགྱུར་དྲིལ་སྒྲོག་བྱ་བར་ཤུགས་སྣོན་རྒྱབ་ནས་མི་རིགས་རིག་གནས་བྱ་བ་སྔར་ལས་དར་རྒྱས་སུ་གཏོང་བའི་བྱེད་སྟངས་གཙོ་བོར་བཟུང་བར་ཁག་ཐེག་བྱེད་ཅིང་།ས་ཁུལ་དེ་གའི་མི་རིགས་རིག་གནས་ཀྱི་ཁྱད་ཆོས་འབུར་ཐོན་གྱི་འཛུགས་སྐྲུན་བྱ་བར་གར་སྟེགས་གསར་བ་སྐྲུན་པར་སྙིང་ཐག་པས་དགའ་བསུ་ཞུ་ཞེས་གཏམ་བཤད།དེ་མིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་ཨུའི་ཧྲུའུ་ཅི་ཟུར་བ་མཱ་ཝུང་ཡོས་དང་ཀན་ལྷོ་ཁུལ་གསར་འགྱུར་ཚགས་པར་ཁང་བོད་ཡིག་རྩོམ་སྒྲིག་པུའུ་ཡི་འགོ་གཙོའམ་ཀྲུའུ་རིན་བཀྲ་ཤིས་ཚེ་རིང་།གཙོས་བོད་རིགས་སློབ་འབྲིང་གི་སློབ་གཙོ་ཧྥོ་ཧེ་ཧྲུན།གཙོས་སློབ་འབྲིང་གསུམ་པའི་སློབ་གཙོ་ཟུར་བ་ཏིང་འཛིན་བཀྲ་ཤིས།སློབ་གྲྭའི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་སློབ་ཁྲིད་སྡེ་ཁག་གི་འགན་འཛིན་རྣམས་ཚོགས་འདུར་ཞུགས།  

窗体底端  

 

关闭窗口
 
访问量人数:

 

甘肃民族师范学院  版权所有