藏学院
 学校首页  本站首页  学科建设  教学科研  师资队伍  党建工作  组织机构  藏学研究  藏族文化  规章制度 
新闻动态
新闻动态
您的位置: 本站首页>新闻动态>正文
རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
2017-06-01 16:39  

   རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཟླ་བཅུ་གཉིས་པའི་ཚེས་བདུན་དང་ཚེས་བརྒྱད་གཉིས་ལ། རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བའི་གྲོས་ཚོགས་པེ་ཅིན་ནས་འཚོགས་པ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་སུ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནངས་།  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་བདུན་དང་ཚེས་བརྒྱད་གཉིས་ལ། རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བའི་གྲོས་ཚོགས་པེ་ཅིན་ནས་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནངས་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིའུ་ཡུན་ཧྲན་གྱིས་སྤྱི་བསྡོམས་གསུང་བཤད་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཝང་ཆི་ཧྲན་དང་ཀྲང་ཀའོ་ལི་གཉིས་གྲོས་ཚོགས་ལ་ཞུགས། ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། སློབ་གསོ་གོང་འཕེལ་དུ་སོང་ན་རྒྱལ་ཁབ་སྟོབས་ལྡན་དུ་འགྲོ་སྲིད། མཐོ་རིམ་སློབ་གསོའི་འཕེལ་རྒྱས་ཆུ་ཚད་ནི་རྒྱལ་ཁབ་ཅིག་གི་འཕེལ་རྒྱས་ཆུ་ཚད་དང་འཕེལ་རྒྱས་ཀྱི་སྤུས་ཀ་མཚོན་བྱེད་གལ་ཆེན་ཞིག་ཡིན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ན་སློབ་གསོའི་གོ་གནས་དང་ནུས་པར་མཐོང་ཆུང་བྱེད་མི་རུང་། ཏང་ཀྲུང་དབྱང་གིས་འཛམ་གླིང་སྟེང་དུ་མིང་གྲགས་ཆེ་བའི་སློབ་ཆེན་ཚད་ལྡན་ཅན་དང་སློབ་ཚན་ཚད་ལྡན་ཅན་མྱུར་དུ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་གཏན་ལ་ཕབ་པ་ནི་རང་རྒྱལ་གྱི་མཐོ་རིམ་སློབ་གསོའི་འཕེལ་རྒྱས་ཆུ་ཚད་ཇེ་མཐོར་གཏོང་བ་དང་སྤུས་ཚད་་མཐོར་གཏོང་རྒྱུ་དེ་ཡིན་བཅས་གསུངས།

关闭窗口
 
访问量人数:

 

甘肃民族师范学院  版权所有