藏学院
 学校首页  本站首页  学科建设  教学科研  师资队伍  党建工作  组织机构  藏学研究  藏族文化  规章制度 
新闻动态
新闻动态
您的位置: 本站首页>新闻动态>正文
སློབ་གཙོ་གཞོན་པའམ་བོད་ཀྱི་ཤེས་རིག་འཕེལ་རྒྱས་གླིང་གི་སློབ་གཙོ་རྡོར་ཕྲུག་མཆོག་རྒྱལ་ཡོངས་མི་རིགས་སློབ་གྲྭའི་ཚན་ཞིབ་བྱ་བའི་བགྲོ་གླེང་ཚོགས་འདུར་ཞུགས།
2017-06-01 16:45  

སློབ་གཙོ་གཞོན་པའམ་བོད་ཀྱི་ཤེས་རིག་འཕེལ་རྒྱས་གླིང་གི་གླིང་གཙོ་རྡོར་ཕྲུག་མཆོག་རྒྱལ་ཡོངས་མི་རིགས་སློབ་གྲྭའི་ཚན་ཞིབ་བྱ་བའི་བགྲོ་གླེང་ཚོགས་འདུར་ཞུགས།

རྒྱལ་ཁབ་ཨང་རིམ་གཉིས་པའི་སློབ་དཔོན་ཆེན་མོའམ་སློབ་གཙོ་གཞོན་པ། བོད་ཀྱི་ཤེས་རིག་འཕེལ་རྒྱས་གླིང་གི་སློབ་གཙོ་རྡོར་ཕྲུག་མཆོག་རྒྱལ་ཡོངས་མི་རིགས་སློབ་གྲྭའི་ཚན་ཞིབ་བྱ་བའི་བགྲོ་གླེང་ཚོགས་འདུར་ཞུགས། སྤྱི་ཟླ་༩ཚེས་༢༧ཉིན་རྒྱལ་ཡོངས་མི་རིགས་སློབ་གྲྭའི་ཚན་ཞིབ་བྱ་བའི་བགྲོ་གླེང་ཚོགས་འདུ་ཏ་ལེན་མི་རིགས་སློབ་ཆེན་ནས་བསྡུས།  སློབ་གཙོ་གཞོན་པ་རྡོར་ཕྲུག་དང་ཚན་ཞིབ་ཁང་གི་འགན་ཁུར་མི་སྣ་གྲོས་ཚོགས་སུ་ཞུགས།  ཚོགས་འདུའི་ཐོག་རྒྱལ་ཁབ་དམངས་ཨུའི་སློབ་གསོ་ཚན་རྩལ་སིའི་སི་ཀྲང་ཐན་ལེན་གུང་གིས་གལ་ཆེན་གཏམ་བཤད་གནངས།  ཁོས་བསྟན་དོན། ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི་དུས་སྐབས་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་གསར་གཏོད་རང་བཞིན་ཅན་གྱི་རྒྱལ་ཁབ་ཀྱི་གྲོས་སུ་འགྲོ་བའི་གནད་འགག་གི་དུས་ཡིན་པས། མི་རིགས་སློབ་གྲྭ་དག་གིས་ཞི་ཅིན་ཕིང་གིས་བཏོན་པའི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་མི་རིགས་གཅིག་ཀྱང་ཆད་མི་ཆོག་ཅེས་པའི་རེ་འདུན་ལྟར། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དངོས་ཡོད་གནས་ཚུལ་དང་བསྟུན་ནས་འཕེལ་རྒྱས་གཏོང་བར་རང་ཉིད་ནས་འགོ་བརྩམ་སྟེ། རང་འགུལ་གྱིས་གསར་གཏོད་ནུས་པ་ལེགས་བསྒྲིག་དང་བེད་སྤྱོད་བྱེད་པར་གདམ་གསེས་ཡོད་པ། གཙོ་ཕལ་ཡོད་པའི་ངང་རྒྱལ་ཁབ་ཀྱི་གལ་ཆེའི་ཚན་ཞིབ་རྣམ་གྲངས་ཁྲོད་དུ་ཞུགས་པ་དང་། ཧུར་ཐག་གིས་ལག་རྩལ་འཇོན་ཐང་གི་ནུས་པ་ཅན་ཁ་གསབ་བྱེད་དེ་མི་རིགས་ས་ཁུལ་དབུལ་ཕོང་གི་རྣམ་པ་བཅོས་སྒྱུར་བྱ་རྒྱུ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་དགོས་མཁོའི་ནུས་པ་འདོན་དགོས་ཤེས་གསུངས། རྒྱལ་ཡོངས་མི་རིགས་སློབ་གྲྭ་བཅུ་བདུན་གྱི་ཚན་ཞིབ་བྱ་བའི་འགོ་ཁྲིད་དང་ཚན་ཞིབ་ཁང་གི་འགན་ཁུར་མི་སྣ་དག་ཐེངས་འདིའི་ཚོགས་འདུར་ཞུགས།

关闭窗口
 
访问量人数:

 

甘肃民族师范学院  版权所有